From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
མདའ་ཆེན་ (1)
| Part of speech
|
མིང་ཚིག
|
| Definition
|
མདའ་བོ་ཆེ་སྟེ། རྒྱུན་ལྡན་གྱི་མདའ་ལས་ཆེ་བ་ཡོད་ཅིང་། ལུང་ཕྲན་ཚེགས་ཀྱི་རྣམ་བཤད་ལས། མདའ་བོ་ཆེ་ནི་ལོགས་གཉིས་ནས་ལྕགས་ཀྱི་མདེའུ་ཚད་ཆེན་པོ་ཅན་དབུས་ལག་པས་གཟུང་དུ་རུང་བ་མཚོན་ཆའི་ཁྱད་པར་དག་ཡིན་ཞེས་གསུངས།
|
| Example
|
མདའ་ཆེན་འཕེན་མཁན་གྱི་གྱད་མི་ལྟ་བུ།
|
མདའ་ཆེན་ (2)
| Part of speech
|
མིང་ཚིག
|
| Definition
|
མདུང་གི་རིགས་བྱེ་བྲག་པ་ཞིག་སྟེ། འདུལ་བ་རྣམ་འབྱེད་ལས། མདའ་བོ་ཆེ་ཞེས་བྱ་བ་ནི་མདེའུ་ཅན་ཐུང་ལ་ཡུ་བ་སྦོམ་པོའོ་ཞེས་དང་། ཡང་། འདུལ་བ་གཞི་རྒྱ་ཆེར་འགྲེལ་བ་ལས། མཚོན་མདུང་གི་རྣམ་པ་ལྟ་བུ་མདུང་རྩེ་ཅན་ཡུ་བ་སྦོམ་པོ་ཐུང་ངུ་ཞེས་བྱ་བའོ། །ཞེས་གསུངས།
|
| Example
|
མདའ་ཆེན་གྱིས་དགྲ་བོའི་བྲང་ལ་བསྣུན་ལྟ་བུ།
|