53326

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མདའ་ཡིག་ (1)
Part of speech མིང་ཚིག
Definition དེ་སྔ་དགའ་ལྡན་ཕོ་བྲང་གི་སྐབས་སུ་བླ་དཔོན་ཆེ་གྲས་ཁག་ཕྱོགས་སྐྱོད་བྱེད་དུས། ཕེབས་ལམ་འཁེལ་ཡུལ་ཁག་ལ་རྟ་ཁལ་མི་གསུམ་གྱི་ཁྲལ་འུལ་བསྐུལ་ཕྱིར་སྔོན་ཚུད་ནས་རས་དམར་ལ་ཡི་གེ་བྲིས་ཏེ་མདའ་ལ་བཏགས་ནས་སྐུར་རྒྱུ་ཞིག
མདའ་ཡིག་ (2)
Part of speech མིང་ཚིག
Definition མདའ་ཡི་དབྱིབས་དང་མཚུངས་པའི་ལེགས་སྦྱར་གྱི་ཡི་གེ་ཞིག