53338

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མདའ་རྒྱུས་ (1)
Part of speech མིང་ཚིག
Definition ལོ་མང་སྐྱེ་བའི་ཤིང་ཕྲན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། སྡོང་པོ་སྔོ་ལྗང་ཕྲ་ལ་རིང་ཞིང་མཉེན་པ་དབྱི་མོང་གི་དབྱིབས་འདྲ་ལ་ཚིགས་པ་ཡོད་པ་སྐྱེ་དངོས་གཞན་ལ་འཁྱིལ་ནས་སྐྱེ་བ། ལོ་མ་སྔོ་ལྗང་སྲད་མའི་ལོ་མའམ་སྲིན་ཤིང་སྣ་མའི་ལོ་མ་འདྲ་བ་སྐྱེ་རིམ་གཉིས་ཀྱི་སྒྲོ་དབྱིབས་མང་ལོ་ཚིགས་མཚམས་ནས་ཁ་སྤྲོད་དུ་སྐྱེ་བ། མེ་ཏོག་སེར་པོ་སྲན་མའི་མེ་ཏོག་གི་དབྱིབས་ཅན་ལོ་མའི་མཚམས་ནས་ཁ་སྤྲོད་དུ་འཆར་བ། གང་བུ་འཇོང་ནར་གཟའ་བདུད་དཀར་པོའི་གང་བུ་འདྲ་བའི་ནང་དུ་འབྲུ་གུ་དམར་ལ་མགོ་ནག་པོ་སྲན་མ་ལས་ཅུང་ཆུང་བ་འཇམ་ཞིང་མཁྲེགས་ལ་འོད་མདངས་ལྡན་པ་བཅུ་རེ་ཙམ་ཡོད་པ་སྟེ། བོད་ཀྱི་མེ་ཏོག་རྫོང་དང༌། ཙ་རི། གློ་མོན་སོགས་དང༌། དེ་མིན་ཡུན་ནན་ཞིང་ཆེན་དང༌། བལ་ཡུལ། རྒྱ་གར་སོགས་ཚ་བ་ཆེ་བའི་ནགས་གསེབ་ཏུ་སྐྱེ་བ་མང་བ། འབྲས་བུ་བོད་ཟླ་བདུན་པ་ཙམ་ལ་བཏུས་ཏེ་བསྐམས་རྗེས་སྨན་དུ་སྤྱད་རྒྱུ། རོ་མངར་ལ་བསྐ་བ། ཞུ་རྗེས་མངར་བ། ནུས་པ་དྲོ་ལ་རྣོ་བས་རྩ་ཁ་འབྱེད་ཅིང་བུ་འབྱིན་པ་དང༌། མོ་ནད་ཁྲག་ཚབས་སེལ་ཞིང་སྣོད་ཀྱི་མཁྲིས་སྐྲན་བཤིག་པར་བྱེད་པ་ཡིན།
Domain གསོ་རིག