5340

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁུར་མང་ (1)
Part of speech མིང་ཚིག
Definition ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་རྐང་གཅིག་གི་སྟོད་ཀྱི་ཆར་པགས་པ་ནག་པོ་སྲབ་མོས་གཡོགས་པ་དང་། ལོ་མ་ལྗང་ལ་སྣུམ་ཞིང་ཉག་ག་ཆེ་བ་སྒྲོ་དབྱིབས་ཅན་གཞི་རྩ་ནས་མཉམ་དུ་ས་ངོས་སུ་བགྲད་ནས་སྐྱེ་བ། མེ་ཏོག་གི་སྡོང་རྐང་ཁོང་སྟོང་ཕྲ་ལ་རིང་ཞིང་། བཅད་ན་འོ་མ་འབབ་པ་ལོ་མ་རྣམས་ཀྱི་དབུས་ནས་འདྲོང་པོར་སྐྱེ་བའི་རྩེར་མེ་ཏོག་སེར་པོ་འདབ་མ་ལྕེ་དབྱིབས་གདུགས་འཁྱིལ་ཅན། འབྲས་བུ་སྐམ་ཚག་འཇོང་ནར་ཁ་དོག་ཁམ་སྐྱ་སྤུ་འཕྲུ་དཀར་པོ་ཅན་ནམ་མཁར་ཡར་འགྲོ་བ་ཞིག་སྟེ། བོད་ཀྱི་ས་གནས་ཕལ་ཆེ་བའི་སྤང་དང་། ཞིང་རྒོད། རྡོ་རྒོད། རྡོ་གསེབ། ཆུ་འགྲམ་སོགས་གང་སར་སྐྱེས། རྩ་ལོ་མེ་ཏོག་ལྷན་ཅིག་བོད་ཟླ་དྲུག་བའི་ནང་བཏུས་ཏེ་གཙང་མར་བཀྲུས་རྗེས་སྔོ་ཆོལ་རྨ་ཕབ་ཐོག་བསིལ་སར་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་ཁ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་བས་བད་ཀན་སྨུག་པོའི་ནད་དང་། ཚད་རྙིད་ལུས་ཞེན། མཁྲིས་ཚད་དང་། ཕོ་བའི་ནད་སོགས་ལ་ཕན་པ་ཡིན།