From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
མདུན་མ་ (1)
| Part of speech
|
མིང་ཚིག
|
| Definition
|
འདུན་མ་དང་དོན་འདྲ་སྟེ། གྲོས་ཚོགས་དང་། སྐད་ཆ་བཤད་པ་དང་། རེ་བ་ཡོད་པའི་ལས་དོན་བཅས་ལ་འཇུག
|
| Example
|
མདུན་མ་བསྡུས། མདུན་མ་གླེང་། གཏན་གྱི་མདུན་མ་ལྟ་བུ།
|
མདུན་མ་ (2)
| Part of speech
|
མིང་ཚིག
|
| Definition
|
མནའ་མའམ་བག་མ།
|
| Example
|
ཟླ་བ་འབུམ་ཕྲག་འཆར་བུའི་རྫིང་བུ་ལས། གང་ལྟར་རྒྱལ་བུ་གཤེགས་པར་བརྟེན། རྒྱ་བཟའ་རང་ལ་རྒྱ་ནག་ཏུ་ཕྱིར་ལོག་བྱེད་དམ། ཡབ་ཀྱི་མདུན་མར་ཡོང་ངམ། ཇི་བྱེད་ཁྱེད་རང་གིས་འདེམས་དགོས་ཞེས་གནས་ཚུལ་འབྱོར་བར། རྒྱ་བཟས་བུ་མོའི་མདུན་མ་ལན་གཅིག་ཡིན་ཞེས་ཡབ་ལ་བློ་གཏད་དེ་ཕེབས་པར་གྲགས་ཞེས་པ་ལྟ་བུ།
|
མདུན་མ་ (3)
| Part of speech
|
མིང་ཚིག
|
| Definition
|
མདུན་ཕྱོགས་ཀྱི་ས་ཆ།
|
| Example
|
དམག་དཔུང་གིས་གཡུལ་ས་མདུན་མ་ན་ཤི་གསོན་འཐབ་འཛིང་བྱེད་ཀྱིན་འདུག་ལྟ་བུ།
|
མདུན་མ་ (4)
| Part of speech
|
མིང་ཚིག
|
| Definition
|
མདུན་ཕྱོགས་སུ་ཡོད་པའི་དངོས་པོ།
|
| Example
|
ཞབས་མདུན་མ་གཉིས་རྡོ་རྗེའི་སྐྱིལ་ཀྲུང་ལྟ་བུ།
|