From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
མདོ་ (1)
| Part of speech
|
མིང་ཚིག
|
| Definition
|
དོན་དག་སྙིང་པོ་རྣམས་རྡོག་དྲིལ་བའི་དོན།
|
| Example
|
གཏམ་གྱི་མདོ་རྩ་ལྟ་བུ།
|
མདོ་ (2)
| Part of speech
|
མིང་ཚིག
|
| Definition
|
ཆུ་དང་ལམ་སོགས་གྱི་སྣེ་མཉམ་དུ་ཐོད་ཐུག་སའམ་འདྲེས་སའི་མཚམས་ཏེ།
|
| Example
|
ལམ་གྱི་གསུམ་མདོ་ལྟ་བུ།
|
མདོ་ (3)
| Part of speech
|
མིང་ཚིག
|
| Definition
|
ལུང་པའི་སྨད་ཕྱོགས་ཀྱི་ཆ་སྟེ།
|
| Example
|
ལུང་མདོ་ནས་ཡར་སྐྱ་མི་འགའ་འོང་གིན་འདུག་ལྟ་བུ།
|
མདོ་ (4)
| Part of speech
|
མིང་ཚིག
|
| Definition
|
ཁང་པའི་ནང་ལ་ཆོད་བརྒྱབ་ནས་གོང་འོག་གཉིས་སུ་ཕྱེས་ཡོད་པའི་ཁང་པའི་ནང་འོག་མ།
|
| Example
|
དགུན་ཁ་ཁང་པའི་མདོ་ལ་འཁྱག་ལྟ་བུ།
|
མདོ་ (5)
| Part of speech
|
མིང་ཚིག
|
| Definition
|
འདོད་ཡོན་དང་ཉོན་མོངས་སྤང་བྱར་རྩལ་ཏུ་འདོན་ཅིང་། རྒྱུ་ལམ་དུ་བྱེད་པར་བསྟན་པའི་རྒྱལ་བའི་བཀའ་དང་དེའི་དགོངས་འགྲེལ་རྣམས་ལ་གོ །
|
| Domain
|
ཆོས་ལུགས།
|