53453

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མདོ་གཡུང་དྲུང་ཀློང་རྒྱས་ཀྱི་ཆོ་ག་ (1)
Part of speech མིང་ཚིག
Definition བོན། བོན་གྱི་མདོ་ཕྱོགས་ཀྱི་ཆོ་ག་ཞིག་སྟེ། སྟོན་པ་གཤེན་རབ་མི་བོ་མཆོག་གིས་(ཕྱི་ལོའི་སྔོན་16017འཁྲུངས། )མཛད་པ་སྟེ། དེ་ཡང་རབ་གནས་ཆེད་དུ་མཛད་དེ། མདོ་དྲི་མེད་གཟི་བརྗིད་པོད་བཅུ་གཅིག་ལས། གཡུང་དྲུང་ཀློང་རྒྱས་དཀྱིལ་འཁོར་ཞལ་ཕྱེས་ལ། ཕྲིན་ལས་བཅོ་བརྒྱད་གོ་རིམ་མ་ནོར་བར། ཉི་ཤུ་རྩ་བཞི་སྐབས་དང་བརྡ་སྦྱོར་ཞིང་། གསུང་རབ་འབུམ་སྡེ་བོན་གྱི་སྐུ་དང་སྦྱར། སྐུ་གདུང་མཆོད་རྟེན་རྫོགས་པའི་སྦྱར། སྐུ་གཟུགས་སྤྱན་ཅན་སྤྲུལ་བའི་སྐུ་དང་སྦྱར། དོན་དུ་སོ་སོ་མ་ཡིན་དེ་གསུམ་གཅིག་གི་ངང་དུ་འདུས། མངའ་དབུལ་ཞལ་བསྲོ་དུས་གཅིག་འབྱུང་། ཞེས་སོ། །གཡུང་དྲུང་ཀློང་རྒྱས་ཀྱི་འགྲེལ་ལས། ཁྱད་པར་བསྟན་པ་རྣམ་གསུམ་རྗེས་སུ་བཞག་པ་ལ་མངའ་དབུལ་ཞལ་བསྲོ་བའི་དོན་དུ་མཛད་པ་ཡིན་ནོ། །ཞེས་སོ། །སྤེལ་བའི་དུས་ནི། མདོ་གཟེར་མིག་ལས། དཔྱིད་ཟླ་ར་བའི་བཅུ་བཞིའི་གདུགས་ལ་གཞི་བཟུང་ཡོ་བྱད་གསོག ནངས་པར་བཅོ་ལྔ་རྒྱལ་ལ་མཆོད་སྦྱིན་རྒྱས་པར་འབུལ་བར་གཅད། དེར་དང་ལ་གཞི་གནས་དང་ཡོ་བྱད་བསླང། ཞེས་སོ། །ཆོ་ག་དེར་འཕྲིན་ལས་བཅོ་བརྒྱད་ཡོད་པ་འཕྲིན་ལས་བཅོ་བརྒྱད་ལ་གཟིགས། ཆོ་ག་འདི་ནི་མདོ་གཟེར་མིག་ལས་ལེའུ་ཞིག་ཡིན། དེ་ཡང་དུས་ཕྱིས་སུ་རྗེ་བདག་ཉིད་ཆེན་པོ་(༡༣༥༦-༡༤༡༥)ནས་ཏིང་འཛིན་གསུམ་གྱི་སྒོམ་རིམ་ལྡན་པའི་མངོན་རྟོགས་ཞིག་མཛད་ནས་བསྡེབ་ནས་ཆོ་ག་ཞིག་མཛད་པས། ད་བར་མི་ཉམས་རྒྱུན་དེ་ཆུ་བོ་རྒྱུན་བཞིན་གནས་མུས་ཡིན་ནོ། །
Domain ཆོས་ལུགས།