53455

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མདོ་གོང་མ་དགོན་ (1)
Part of speech མིང་ཚིག
Definition མདོ་གོང་མ་བྲག་དཀར་མགོན། སྨར་མདོ་བཀྲ་ཤིས་དགའ་འཁྱིལ་ཐུབ་བསྟན་བཤད་སྒྲུབ་ཆོས་གླིང་ལས་འཕྲོས། ཕྱིས་སུ་ཤིང་ཕག་ལོ་ཕྱི་ལོ་ ༡༩༣༥ བཙོད་བླའམ་རྡོག་གྲུབ་རིན་པོ་ཆེ་པདྨ་དགེ་ལེགས་ཀྱིས་གནས་དེར་ཁང་བརྩེགས་མཆོད་རྟེན་དང་སྒྲོལ་མའི་མཆོད་རྟེན་ཆུང་གྲས་གཉིས་བཞེངས། དཔའ་བོ་ནུས་ལྡན་རྡོ་རྗེའམ་ཀུན་བཟང་ཉི་མའི་གནས་ཁྱད་པར་ཅན་ལ་སྒོས་ཀྱི་ལུང་བསྟན་ལས། ས་བདུད་སྲིད་ཙི་ཏིའི་གདན་ཐོག་ཏུཿ འཕགས་པ་དང་རིག་འཛིན་མ་གཏོགས་པསཿ གཞན་ཕལ་མོ་ཆེ་ནོན་མི་སྲིདཿ སྲིད་སྒྲུབ་རྒྱུད་ཀྱི་བསྟན་པ་མེ་ལོང་གངཿ ལས་ལྡན་གྱི་བུ་བཅུ་འཛོམས་ན་འབྱུངཿ ཞེས་རྡོ་རྗེའི་ལུང་གིས་བསྔགས་པ་བཞིན་དགོན་སྤྲུལ་བློ་བཟང་ནོར་བུ་དགུང་གྲགས་སོ་གཅིག་བར་ཕྱི་ལོ་ ༡༩༤༠ དགོས་དབང་རྟེན་འབྲེལ་ཅི་བཞིན་གནས་འདིར་ཕྱག་ཕེབས་གནང་ཞིང་བདུད་འདུལ་མཆོད་རྟེན་དང་འདུ་ཁང་བཞེངས་པའི་ཞལ་བཀོད་དང་ས་འདུལ་རྒྱས་སྤྲོས་མཛད་དེ་དགོན་གནས་ཐོག་མར་ཕྱག་བཏབ། གདན་རབས་དང་པོ། དགོན་སྤྲུལ་བློ་བཟང་ནོར་བུའམ་འཇིགས་མེད་འོད་ཟེར་སོགས་ལྔ་དང་མཁན་རབས་ལྔས་བསྐྱངས། སྒྲུབ་མཆོད་ཀྱི་རིམ་པ་ནི། བདུད་འདུལ་ཕུར་པ་དགུ་སྒྲུབ་དང་བདེ་ཆེན་ཞིང་སྒྲུབ། ཐུགས་རྗེ་ཆེན་པོའི་ཞག་བརྒྱ། གངས་རྒྱན་སྨོན་ལམ་ཆེན་མོ་སོགས་ཀྱི་དུས་མཆོད་རྒྱུན་ཆགས་སུ་ཡོད། བཤད་གྲྭ་མདོ་རྒྱུད་ཐོས་བསམ་གླིང་དུ་གཞུང་ལྔའི་བཤད་ཁྲིད་མི་ཕམ་རང་ལུགས་གཙོར་བཏོན་དང་གཞན་ཡང་ཀློང་སྙིང་སྔོན་འགྲོ། ཀུན་བཟང་བླ་མའི་ཞང་ལུང་། སྡོམ་གསུམ་རྣམ་ངེས། ཞི་བ་ལྷའི་སྤྱོད་འགྲེལ་བཅས་འཆད་ཉན་བྱེད་བཞིན་ཡོད། རབ་བྱུང་བཅུ་བདུན་པའི་མེ་ཡོས་ལོར་འདུ་ཁང་ཆེན་མོར་བསྐྱར་བཞེངས་གནང་། ནམ་སྤྲུལ་འཇིགས་མེད་ཕུན་ཚོགས་དང་ཨ་པང་གཏེར་ཆེན་ཆོས་དབྱིངས་རྡོ་རྗེའི་སྐུ་སྲས་ཏཱ་རེ་བདེ་ཆེན་ལྷ་མོ་གཉིས་ཀྱིས་དགོས་དབང་རྟེན་འབྲེལ་བཞིན་གཏེར་ཆེན་ཀུན་བཟང་ཉི་མའི་གཏེར་བྱོན་གེ་སར་ཟབ་དབང་ཆེན་མོའི་སྨིན་དབང་དགའ་སྟོན་བསྩལ།

{{#arraymap:མདོ་གོང་མ་དགོན་

|; |@@@ | | }}