53479
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བཅོ་ལྔ་པའི་ས་བྱ་ཕྱི་ལོ་ ༡༩༠༩ ལོར་མདོ་སྨད་རེབ་གོང་དུ་ཡབ་གཡུ་རྔོག་བློ་བཟང་དང་། ཡུམ་བཀྲ་ཤིས་མཚོ་གཉིས་ཀྱི་སྲས་སུ་འཁྲུངས། ཆུང་དུས་ནས་གོང་མའི་ཡང་སྲིད་དུ་ངོས་བཟུང་། གདན་སར་མངའ་གསོལ། རབ་བྱུང་དང་བསྙེན་རྫོགས་ཀྱི་སྡོམ་པ་མནོས། ཐོས་བསམ་གླིང་ཐུན་མོང་དང་ཐུན་མོང་མིན་པའི་ཀུན་ལ་སྦྱངས། གཙང་དགོན་པའི་ཁྲིར་བྱོན། འགྲིག་ལམ་དང་། ཀུན་སྤྱོད། འཆད་ཉན་བཅས་དོ་དམ་གང་ལེགས་གནང་། རྫོང་དམར་དགོན་པ་ལོ་གསུམ་གྱི་རིང་དུ་བསྐྱངས། བཤད་སྒྲུབ་བསྟན་པ་འཕེལ་མཛད། རྫོང་དམར་དགོན་པའི་སྤོས་ཤིང་འདུ་ཁང་སོགས་བཞེངས། རབ་བྱུང་བཅུ་དྲུག་པའི་མེ་སྤྲེལ་ཕྱི་ལོ་ ༡༩༥༦ ལོར་རོང་རྒྱུད་པ་གྲྭ་ཚང་གི་ཁྲིར་བཞུགས། གསང་ཆེན་ཆོས་འཁོར་བསྐོར། ང་གཅིག་པ་རབ་བྱུང་བཅུ་དྲུག་པའི་ལྕགས་བྱི་ཕྱི་ལོ་ ༡༩༦༠ ལོར་སྐུ་གཤེགས། རྫོང་སྔོན་ཚང་གི་སྐུ་ཕྲེང་བདུན་པ་ཡིན། |