53486
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དུས་རབས་བཅོ་བརྒྱད་པའི་དུས་མགོར་མདོ་བ་མར་ནང་དུ་འཁྲུངས། ཆུང་ངུའི་དུས་ནས་བྱ་ཁྱུང་དགོན་པར་ཞུགས། འདོན་ཆོས་རིག་གནས་སྐོར་ལེགས་པར་བསླབས། དབུས་ལྷ་ལྡན་ཀྱི་སེར་བྱེས་གྲྭ་ཚང་དུ་ཞུགས། གཞུང་ཆེན་ལྔར་ཐུགས་བརྩོན་གནང་། ལྷ་རམས་པའི་མཚན་བཏགས་བཞེས། རྒྱུད་སྨད་དུ་གསང་ཆེན་ཆོས་ཀྱི་ཆོ་ག་དང་། དེའི་ཕྱག་ལེན་དང་བཅས་ལེགས་པར་སྦྱངས། ཁྲི་ཆེན་ངག་དབང་མཆོག་ལྡན་སོགས་བསྟེན། མདོ་རྒྱུད་དབང་ལུང་མན་ངག་མང་དུ་གསན། རང་ཡུལ་དུ་ཕེབས། རང་བྱུང་བཅུ་གཉིས་པའི་ཆུ་ཁྱི་ཕྱི་ལོ ༧༤༢ ལོར་བྱ་ཁྱུང་དགོན་པའི་གདན་ཁྲིར་བྱོན། ཆོས་སྲིད་གཉིས་ཀྱིས་ལེགས་པར་བསྐྱངས། གསེར་གདུང་ཆུང་བར་ཞིག་གསོས་མཛད། ཁྲི་ཆེན་ངག་དབང་མཆོག་ལྡན་གྱིས་བཞེངས་པའི་གསེར་གདུང་རྒྱ་ཕིབས་གནང་བ་དེ་གསེར་གདུང་ལྷ་ཁང་དུ་བསྒྲོན། དོན་བདུན་པར་སྐུ་གཤེགས། སྐུ་ཕྲེང་རྗེས་མ་རྣམས་ལ་མདོ་བ་པེ་སི་ཚང་ཞེས་གྲགས། བྱ་ཁྱུང་དགོན་པའི་གདན་སའི་མཁན་རབས་སོ་དྲུག་པ་ཡིན། |