53487
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དུས་རབས་བཅོ་བརྒྱད་པའི་མགོར་མདོ་བ་ཡར་ནང་དུ་འཁྲུངས། ཆུང་ངུའི་དུས་ནས་བྱ་ཁྱུང་དགོན་པར་ཞུགས། ཡི་གེའི་སྦྱོར་ཀློག་དང་རིག་གནས་ཆུང་བ་རྣམས་བྱང་ཆུབ་པར་བསླབས། དབུས་སེར་བྱེས་གྲྭ་ཚང་དུ་པོད་ལྔའི་གཞུང་ལ་ཐུགས་བརྩོན་མཛད། རྒྱུད་སྨད་དུ་གསང་ཆེན་ཆོས་ཀྱི་ཆོ་ག་ཕྱག་ལེན་དང་བཅས་པ་ལེགས་པར་སྦྱངས། ཕྱིར་རང་དགོན་བྱ་ཁྱུང་དུ་ཕེབས། དགོན་པའི་གཞུང་ལས་པ་དང་། བླ་མ་དབུ་མཛད། རྒྱུད་པའི་སློབ་དཔོན་བཅས་ལ་རིམ་བཞིན་བཞུགས། ལེགས་བཤད་སྙིང་པོའི་བཤད་ལུང་སོགས་གནང་། རབ་བྱུང་བཅུ་གསུམ་པའི་ཤིང་གླང་ཕྱི་ལོ ༡༨༠༥ ལོར་བྱ་ཁྱུང་དགོན་པའི་གདན་སའི་མཁན་ཁྲིར་བཞུགས། གདན་ས་ཟླ་བ་དགུའི་རིང་བསྐྱངས། ཁྲི་ཟུར་རྗེས་རང་ཡུལ་དུ་སྒོམ་སྒྲུབ་ཉམས་ལེན་ལ་འབུངས། སྐུ་གཤེགས བྱ་ཁྱུང་དགོན་པའི་གདན་སའི་མཁན་རབས་ལྔ་བཅུ་པ་ཡིན། |