53488

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མདོ་བ་ངག་དབང་བསྟན་འཕེལ་ (1)
Part of speech མིང་ཚིག
Definition དུས་རབས་བཅོ་བརྒྱད་པའི་སྟོད་དུ་མདོ་བ་མར་ནང་དུ་འཁྲུངས། ལོ་ཆུང་དུས་ནས་བྱ་ཁྱུང་དགོན་པར་ཞུགས། འདོན་ཆོས་རིག་གནས་དང་བཅས་ལ་ལེགས་པར་བསླབས། དབུས་ཀྱི་སེར་བྱེས་གྲྭ་ཚང་དུ་གཞུང་ཆེན་ལྔ་ལ་ཐོས་བརྩོན་གནང་། རང་ཡུལ་དུ་ཕྱིར་ཕེབས། རབ་བྱུང་བཅུ་གསུམ་པའི་ཤིང་འབྲུག་ཕྱི་ལོ་ ༡༧༨༤ ལོར་བྱ་ཁྱུང་དགོན་པའི་གདན་ཁྲིར་ཕེབས། གདན་ས་ལོ་གསུམ་རིང་བསྐྱངས། མཆོད་རྟེན་བཀྲ་ཤིས་སྒོ་མང་ཞིག་གསོས་དང་། སྤྱི་སོ་ཆེན་མོའི་སྟེེང་ཤོད་སོ་ཕག་གིས་སྒྲོན་པ་དང་། སྨོན་ལམ་ཆེན་མོའི་ཚོགས་ཁྲོ་གསར་སྒྲུབ་བཅས་གནང་། བྱ་ཁྱུང་དགོན་པའི་གདན་སའི་མཁན་རབས་ཞེ་གཅིག་པ་ཡིན།