53489
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བཅུ་གསུམ་པའི་ཤིང་རྟ་ཕྱི་ལོ་ ༡༧༧༣ ལོར་མཚོ་སྔོན་པེ་སི་ཕྱག་རྡོར་སྐྱབས་ཀྱི་སྲས་སུ་འཁྲུངས། དགུང་ལོ་བདུན་པར་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་ལས་རབ་བྱུང་དང་དགེ་ཚུལ་བསྒྲུབས། ཆུ་བཟང་དགོན་པར་ཞུགས། ཆོས་སྤྱོད་བསྡུས་གྲྭ་བཅས་ལ་ལེགས་པར་བསླབས། དབུས་ཀྱི་སེར་བྱེས་གྲྭ་ཚང་དུ་གཞུང་ཆེན་ལྔ་གསན་བསམ་མཛད། རྒྱལ་དབང་འཇམ་དཔལ་རྒྱ་མཚོ་ལས་བསྙེན་པར་རྫོགས། རང་ཡུལ་དུ་ཕེབས། ཉེར་ལྔ་པ་རབ་བྱུང་བཅུ་གསུམ་པའི་ས་རྟ་ཕྱི་ལོ་ ༡༧༩༨ ལོར་སྐུ་འབུམ་སྨན་པ་དཔོན་སློབ་ཀྱི་ཁྲིར་བྱོན། འགྲིག་ལམ་དང་། ཀུན་སྤྱོད། འཆད་ཉན་བཅས་ལེགས་གཟིགས་གནང་། སྨན་པ་བླ་བྲང་གི་གཟིམས་ཁང་གསར་བཞེངས། ཉེར་དགུ་པ་རབ་བྱུང་བཅུ་གསུམ་པའི་ཆུ་ཁྱི་ཕྱི་ལོ་ ༡༨༠༢ ལོར་མཆོད་རྟེན་སྐེའི་ཁྲིར་བཞུགས། འཆད་ཉན་ལོ་གསུམ་རིང་མཛད། སོ་གཉིས་པ་རབ་བྱུང་བཅུ་གསུམ་པའི་ཤིང་གླང་ཕྱི་ལོ་ ༡༨༠༥ ལོར་བྱ་ཁྱུང་དགོན་པའི་གདན་ཁྲིར་བཞུགས། གདན་ས་ལོ་བཞིའི་རིང་བསྐྱངས། སོ་བདུན་པ་རབ་བྱུང་བཅུ་བཞི་པའི་ལྕགས་རྟ་ཕྱི་ལོ་ ༡༨༡༠ ལོར་སྐུ་འབུམ་དགོན་གྱི་གདན་ཁྲིར་ཕེབས། གདན་ས་ལོ་གཉིས་རིང་བསྐྱངས། ཁྲི་ཟུར་རྗེས་ཆུ་བཟང་དགོན་པའི་ཁྲིར་བསྐྱར་དུ་ཕེབས། རབ་བྱུང་བཅོ་ལྔ་པའི་ས་བྱི་ཕྱི་ལོ་ ༡༨༨༨ ལོར་སྐུ་གཤེགས། བྱ་ཁྱུང་དགོན་པའི་གདན་སའི་མཁན་རབས་ང་གཅིག་པ་དང་། སྐུ་འབུམ་དགོན་གྱི་གདན་རབས་ཁྲི་ཆེན་ཞེ་གཉིས་པ་ཡིན། |