53500

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མདོ་འགབ་མའི་དགོན་ (1)
Part of speech མིང་ཚིག
Definition དབང་ཆེན་པདྨ་བརྟན་དང་ལྷ་ཆེན་འབུམ་སྐུ་མཆེད་ཀྱིས་རབ་བྱུང་བཅུ་གསུམ་པའི་ལྕགས་འབྲུག་ལོར་ཀཿཐོག་པ་ཆེན་པོ་དྲི་མེད་ཞིང་སྐྱོང་མགོན་པོ་གདན་ཞུས་དང་ཆིབས་བསྒྱུར་གནང་ནས་སྨར་གྱི་འཕྲང་གཉིས་པར་གྱི་གནས་ལྕགས་རི་འོད་འབར་ཞེས་གྲགས་པའི་ཉེ་ཆར་དཔལ་འབྱོར་གླིང་གི་རྟེན་དང་བརྟེན་པར་བཅས་པ་ཕྱག་བཏབ་གནང་། དེ་ནས་བཟུང་ཀཿཐོག་པ་ཀུན་བཟང་ངེས་དོན་དབང་པོ། ཉིན་དགོན་འགྱུར་མེད་ངེས་དོན་བསྟན་འཛིན། སི་ཏུ་སྐུ་ཕྲེང་སོགས་ཀྱིས་འཛིན་བདག་དང་ཆོས་བརྒྱུད་བརྟན་ཆགས་བཏང་ཞིང་འཕྲང་བར་ཚོ་ཧོར་བཅོ་བརྒྱད་ཀྱི་རྟེན་གཞི་ལྟ་བུར་གྱུར། མདོ་སེམས་གསུམ་རྒྱུད་ལུང་མན་ངག་དང་། བཤད་སྒྲུབ་འཁོར་ལོ་གསུམ་གྱི་ཕྲིན་ལས་འོད་སྣང་དཀར་པོའི་ཕྱོགས་ཀུན་སྣང་བར་བྱས། ཕྱི་ལོ་ ༡༨༠༥ ལོ་འཕྲང་བར་འབོས་པ་སྟོད་སྨད་གོང་འོག་གཉིས་ཀྱི་ཐ་སྙད་ཆགས་ཤིང་རོང་འབྲོག་ཟུང་དུ་གྱུར། དགོན་གནས་འདི་གཅིག་པུའི་བྱས་ཤིང་དུས་རིང་ཞིག་འགོར། རྗེས་ཐོག་དེ་མ་ཐག་པར་གཏེར་ཆེན་བདུད་འཇོམས་གླིང་པ་དགུང་གྲངས་ཉེར་ལྔ་རབ་བྱུང་བཅུ་བཞི་པའི་དོན་འགྲུབ་ཅེས་ས་མོ་ལུག་གི་ལོར་སྨར་མདོ་བཀྲ་ཤིས་དགའ་འཁྱིལ་ཐུབ་བསྟན་བཤད་སྒྲུབ་ཆོས་གླིང་དུ་གནས་སྤོས་པ་ཡིན། རིག་འཛིན་བདེ་གཤེགས་གླིང་བ། གཏེར་སྲས་པདྨ་མཁྱེན་རབ་རྡོ་རྗེ། པདྨ་ཟླ་འོད་རྡོ་རྗེ། པདྨ་སྣང་གསལ་རྡོ་རྗེ། སྤྲུལ་བློ་བཟང་ནོར་བུ། སྤྲུལ་པདྨ་འཕྲིན་ལས་རྒྱ་མཚོ། པདྨ་བསྟན་འཛིན་དང་པདྨ་ངོ་མཚར་རྡོ་རྗེ། ཨོ་རྒྱན་བསོད་ནམས་རྣམ་རྒྱལ། མཆོག་སྤྲུལ་བཀྲ་ཤིས་དོན་འགྲུབ། པདྨ་རིག་འཛིན་རྒྱ་མཚོ། འཇིགས་མེད་འགྲོ་འདུལ་གླིང་པ། མཆོག་སྤྲུལ་རིན་པོ་ཆེ་པདྨ་ཨོ་རྒྱན་རྡོ་རྗེ། གདུང་སྲས་མཆོག་སྤྲུལ་རིན་པོ་ཆེ་ཐུབ་བསྟན་རྣམ་གྲོལ་ཉི་མ་དང་། གྱང་སྤྲུལ་དོན་གྲུབ་རྡོ་རྗེ། སྤྲུལ་བློ་བཟང་ནོར་བུ། མཁན་པོ་ཀུན་བཟང་རྡོ་རྗེ། ཆོས་ཉིད་རྣམ་དག ཕྲིན་ལས་དར་རྒྱས།དབང་ཆེན། སྤྲུལ་སྐུ་ངོ་མཚར་རྡོ་རྗེ། མཁན་སྤྲུལ་ཚེ་རིང་ཆོས་འཕེལ། སྐྱ་མཁན་པོ་སྣང་མཛད་རྡོ་རྗེ་སོགས་ཀྱིས་བསྐྱངས།

{{#arraymap:མདོ་འགབ་མའི་དགོན་

|; |@@@ | | }}