53506
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ་དགོངས་པ་འདུས་པ་ལེའུ་ལྔ་བཅུ་ང་གསུམ་པ་ཡིན། ལེའུ་འདི་རྒྱུད་དེའི་བཤད་རྒྱུད་དུ་གཏོགས་ཤིང་། ནང་དོན་ལ་བྱུང་ཚུལ་བཅུ་གཉིས་ཀྱི་མཐའ་མ་དགོངས་པ་རྣམ་པར་བགྲོ་བའི་བྱུང་ཚུལ་ལ་ཆོས་ཀྱི་རྣམ་གྲངས་བཅུར་བགྲོ་བ་ལས། དང་པོ་མཛོད་དུ་འཇུག་པར་བྱ་བའི་ངེས་པའི་གསང་སྒོ་འགྲོལ་བའི་ལྡེ་མིག་མདོ་བཞི་སྟེ་ཐོས་པས་ངེས་པར་འབྱུང་བ་དང༌། གང་གིས་མཐོང་བས་ངེས་པར་འབྱུང་བ་དང༌། གང་གིས་མངོན་སུམ་པར་ངེས་པར་འབྱུང་བ་དང༌། གང་ནས་གང་དུ་ངེས་པར་འབྱུང་བ་མེད་པ་བཅས་བསྟན། རྒྱུད་ཆེན་པོ་འདིའི་ལུགས་ལ་ཆོས་ཉིད་བརྒྱུད་ནས་སྟོན་པ་དང་ཅར་ཕོག་ཏུ་སྟོན་པ་ལ་དྲང་དོན་ངེས་དོན་དུ་བྱས་པའི་ལེའུ་འདིས་ངེས་དོན་སྟོན་ཞེས་གཟི་ལྡན་འཆར་ཁའི་འོད་སྣང་དུ་གསལ། |