53510

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མདོ་རྒྱུད་བསྲེ་བའི་ཁྲིད་ (1)
Part of speech མིང་ཚིག
Definition ཇོ་ནང་། མདོ་རྒྱུད་བསྲེ་བའི་ཟབ་ཁྲིད་འདི་ཉིད་ཇོ་ནང་ཀུན་དགའ་གྲོལ་མཆོག་གིས་འཕགས་བོད་ཀྱི་རིས་སུ་མ་ཆད་པའི་མཁས་གྲུབ་རྣམས་ཀྱི་ཟབ་ཁྲིད་བརྒྱ་དང་བརྒྱད་ཕྱོགས་གཅིག་ཏུ་བསྡུས་པའི་ཟབ་ཁྲིད་ཀྱི་རིམ་པ་ལྔ་གཅིག་པ་ཡིན། བརྗོད་བྱ་ནི། སྐྱབས་སེམས་ལུས་གནད་སྤྱི་མཐུན། རང་ཉིད་ལྷར་གསལ་འོད་ཀྱི་སྤྲོ་བསྡུས་བྱིན་རླབས་གཞུག སྣོད་བཅུད་ཞིང་སྦྱང་། ཆོས་རྣམས་བདེན་མེད། སྟོང་ཉིད་སྙིང་རྗེ་སོགས་ལམ་ལྔ་དང་སྦྱར་ནས་སྒོམ་ཚུལ་བསྡུས་ཏེ་བསྟན་ཡོད། བརྒྱུད་རིམ་ནི། འཇམ་དབྱངས་ཤཱནྟི་པ་དང་བླ་ཆེན་འབྲོག མངའ་རིས་གསལ་སྙིང་སྐྱི་ཆུ་དགྲ་ལྷ་འབར། གོང་མ་རྣམ་གསུམ་ས་པཎ་ལུང་ཕུ་བ། གཞོན་གྲུབ་བྱང་ཡེ་དཔལ་ལྡན་བླ་མ་དང་། དཔལ་ཚུལ་བུདྡྷ་ཤྲཱི་ངོར་ཆེན་པ། དཔལ་ལྡན་རྡོ་རྗེ་ཀུན་དགའ་མཆོག་གྲུབ་པ། ཞེས་སོགས་བྱུང་ངོ་། །རྗེ་བཙུན་གྲོལ་མཆོག ནས། གསོལ་བ་འདེབས། ཞེས་པའི་བར་གཞན་རྣམས་དང་འདྲ། ཟབ་ཁྲིད་འདི་ནི་གཞུང་དེ་ཉིད་ལས། ཡིག་སྙིང་ལས་བཏུས་སོ། །ཞེས་འབྱུང་ངོ་། །
Domain ཆོས་ལུགས།