53515

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མདོ་ལས་གསུངས་པའི་ཡན་ལག་བདུན་པ་ (1)
Part of speech མིང་ཚིག
Definition མདོ། དབུ་མ། ལས་ཀྱི་སྒྲིབ་པ་དག་བསྲབས་ནས་བྱང་ཆུབ་ཀྱི་སེམས་ཀྱི་སྣོད་དུ་རུང་བར་བྱ་བའི་ཕྱིར་བསོད་ནམས་ཀྱིི་ཚོགས་ཡན་ལག་བདུན་པའོ། །དེ་སེར་སྣའི་ལས་ཀྱི་སྒྲིབ་པ་དག་བསལ་ནས་རང་གི་རྒྱུད་སྣོད་དུ་རུང་བར་བྱེད་པ་ནི་དཀོན་མཆོག་མཆོད་པའོ། །ལོག་པའི་སྐྱབས་གནས་ལ་དད་པའི་ལས་ཀྱི་སྒྲིབ་པ་བསལ་ནས་རང་གི་རྒྱུད་དགེ་ལེགས་ཀྱི་སྣོད་དུ་རུང་བར་བྱེད་པ་ནི་སྐྱབས་སུ་འགྲོ་བའོ། །ལུས་ངག་ཡིད་ཀྱི་མི་དགེ་བ་བྱས་པའི་ལས་ཀྱི་སྒྲིབ་པ་བསལ་ནས་རང་གི་རྒྱུད་སྣོད་དུ་རུང་བར་བྱེད་པ་སྡིག་པ་བཤགས་པ་སྟེ། དེ་གསུམ་ལ་གཙོ་བོར་བྱ་བ་སྡིག་པ་བཤགས་པ་ཡིན་པས་སྡིག་པ་བཤགས་པ་ཞེས་བྱའོ། །གཞན་གྱི་དགེ་བ་ལ་ཕྲག་དོག་ཅིང་བར་ཆད་བྱས་པའི་ལས་ཀྱི་སྒྲིབ་པ་བསལ་ནས་རང་གི་རྒྱུད་སྣོད་དུ་རུང་བ་བྱེད་པ་གཞན་གྱི་བསོད་ནམས་ལ་བྱེད་པ་པོས་ཕུལ་དུ་བྱུང་བའི་དགའ་བ་དང་ལྡན་པས་རྗེས་སུ་ཡི་རང་བའོ། །ཆོས་སྤང་པའི་ལས་ཀྱི་སྒྲིབ་པ་བསྟན་པ་མི་གནས་ཤིང་སྟོན་པ་མི་བཞུགས་པའི་སྒྲིབ་པ་སྤངས་ནས་རང་གི་རྒྱུད་སྣོད་དུ་རུང་བ་བྱ་བའི་ཕྱིར་ཆོས་ཀྱི་འཁོར་ལོ་བསྐོར་བ་བསྐུལ་བ་དང་། མྱ་ངན་ལས་མི་འདའ་བ་གསོལ་བ་གདབ་པའོ། །བསྔོ་བ་དམན་པས་འབྲས་བུ་རྒྱ་ཆེ་ཞིང་ཟད་མི་ཤེས་པ་ལ་དབང་སྒྱུར་བ་མི་ནུས་པའི་ལས་ཀྱི་སྒྲིབ་པ་བསལ་ནས་རང་གི་རྒྱུད་སྣོད་དུ་རུང་བར་བྱེད་པ་དགེ་བའི་རྩ་བར་བསྔོ་བའོ། །ཞེས་བསོད་ནམས་རྩེ་མོས་སྤྱོད་འཇུག་འགྲེལ་བ་ལས་གསུངས་སོ། །
Domain ཆོས་ལུགས།