53524

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མདོ་ལུགས་བསྟན་པ་གནས་ཚད་ཀྱི་ལེའུ་བཅུ་ (1)
Part of speech མིང་ཚིག
Definition འདུལ་བའི་བསྟན་པ་མི་ཡུལ་དུ་གནས་པའི་ལོ་ཚིགས་ཀྱི་ལེའུ་བཅུ་སྟེ། དགྲ་བཅོམ་པའི་ལེའུ། ཕྱིར་མི་འོང་གི་ལེའུ། རྒྱུན་ཞུགས་ཀྱི་ལེའུ། ཤེས་རབ་ཀྱི་ལེའུ། ཏིང་ངེ་འཛིན་གྱི་ལེའུ། ཚུལ་ཁྲིམས་ཀྱི་ལེའུ། མངོན་པའི་ལེའུ། མདོའི་ལེའུ། འདུལ་བའི་ལེའུ། རྟགས་ཙམ་འཛིན་པའི་ལེའུ་བཅས་ཏེ། ལེའུ་རེ་རེ་ལ་མི་ལོ་ལྔ་བརྒྱ་རེ་ཡོད། རྩིས་གཞུང་ཉིན་བྱེད་སྣང་བ་ལས། དེ་ཡང་ལྔ་བརྒྱ་ཕྲག་བཅུ་ལས། །ཞེས་བྱུང་།
Domain རྩིས་རིག