53530
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | གཞུང་གི་སྐབས་དང་གཞལ་བྱ་ཡང་སྒྲ་དང། །ཚད་མ་འབྲས་བུ་དཔྱད་དང་མ་དཔྱད་དང། །ཡིད་ཆེས་ལུང་ལས་མདོ་སེམས་གཉིས་ཀ་ལ། །འབྲས་རྟོགས་ཚུལ་འདི་འཐད་པར་ཁོ་བོས་མཐོང། །ཞེས་ཀུན་མཁྱེན་གོ་རམས་པའི་རིགས་གཏེར་གསལ་བྱེད་ལས་སོ། །མཚན་གཞི་ནི། དོན་རིག་གི་ཚད་འབྲས་གཉིས་ཀྱི་གཞལ་བྱ་དང་ཚད་མ་གཞིར་བྱས་ནས་སྐབས་སུ་ཐ་སྙད་དུ་ཕྱི་དོན་སྔོན་པོ་རིག་པ་ཡིན་ཡང་དཔྱད་ན་རང་གི་ངོ་བོ་རིག་པའི་མངོན་སུམ་འབྲས་བུ་ཉིད་དོ། །མདོ་སྡེ་པའི་ལུགས་ཀྱི་མཚན་གཞི་ནི། འབྲས་རྟོགས་དང་པོའི་གཞལ་བྱ་དང་ཚད་མ་གཞིར་བཞག་ལ། འབྲས་བུའི་ཚེ་དཔྱད་ན་རང་རིག་དང་ཐ་སྙད་དུ་དོན་རིག་བསྣན། སེམས་ཙམ་པའི་ལུགས་ཀྱི་མཚན་གཞི་ནི། ཐ་སྙད་དོན་རིག་གི་ཚད་འབྲས་ཀྱི་གཞལ་བྱ་དང་ཚད་མ་གཞིར་བཞག་ལ། འབྲས་བུའི་ཚེ་དཔྱད་ན་རང་རིག་བསྣན་པ་ཡིན་ནོ། །སོ་སོར་དཔེར་བརྗོད་ན། སྔོན་པོ་ལྐོག་ན་མོ་གཞལ་བྱ། གཟུང་དོན་ཅན་གྱི་སྔོན་འཛིན་དབང་མངོན་གཟུང་དོན་སྔོན་པོའི་སྟོབས་ལས་སྔོན་པོའི་རྣམ་ལྡན་དུ་སྐྱེས་པ་ཚད་མ། གཟུང་དོན་ཅན་གྱི་སྔོན་འཛིན་དབང་མངོན་གྱིས་ཐ་སྙད་དུ་སྔོན་པོ་རྟོགས་པ་ཡིན་ཡང་དཔྱད་ན་རང་གི་བདག་ཉིད་རིག་པ་འབྲས་བུ་ཞེས་པའི་ཚད་འབྲས་ཀྱི་རྣམ་གཞག་དེ། ཚད་འབྲས་གསུམ་པའི་དངོས་བསྟན་གྱི་མདོ་སྡེ་པའི་ལུགས་ཀྱི་ཚད་འབྲས་ཀྱི་རྣམ་བཞག་དང་། ཐ་སྙད་དུ་སྔོན་པོ་གཞལ་བྱ། བག་ཆགས་བརྟན་བྱུང་གི་སྔོར་སྣང་དབང་ཤེས་ལ་སྔོན་པོའི་རྣམ་པ་ཤར་བ་ཚད་མ། དེས་ཐ་སྙད་དུ་སྔོན་པོ་རྟོགས་པ་ཡིན་ཡང་དཔྱད་ན་རང་གི་བདག་ཉིད་རིག་པའི་འབྲས་བུ་ཞེས་པའི་ཚད་འབྲས་ཀྱི་རྣམ་གཞག་ནི། ཚད་འབྲས་གསུམ་པའི་དངོས་བསྟན་གྱི་སེམས་ཙམ་པའི་ལུགས་ཀྱི་ཚད་འབྲས་ཀྱི་རྣམ་གཞག་ཡིན་ནོ། །ཞེས་མཁན་ཆེན་ངག་ཆོས་ཀྱི་ལེགས་བཤད་དཔལ་སྟེར་ལས་སོ། ། |
| Domain | ཚད་མ། |