53536
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྡོམ་གསུམ། ཕ་རོལ་ཕྱིན་པ་དང། །གསང་སྔགས་ཀྱི་ནི་ལྟུང་བ་ལ། །གནང་བཀག་འགའ་ཞིག་ཐ་དད་ཡོད། །ཅེས་ས་པཎ་གྱི་སྡོམ་གསུམ་རབ་དབྱེ་ལས་སོ། །ཐེག་པ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དང། གསང་སྔགས་ཀྱི་ལྟུང་བ་ལ་གནང་བཀག་འགའ་ཞིག་ཐ་དད་ཡོད་དེ། རྩ་ལྟུང་བརྒྱད་པ་དང། བཅུ་གསུམ་པ་དང། བཅུ་བཞི་པ་སོགས་གསང་སྔགས་ལ་ལྟུང་བར་བཅས་ཤིང། ཕ་རོལ་ཏུ་ཕྱིན་པ་ལ་མ་བཅས་པའི་ཕྱིར་རོ་ཞེས་ཀུན་མཁྱེན་གོ་རམས་པའི་སྡོམ་གསུམ་རྣམ་བཤད་གསུང་རབ་དགོངས་གསལ་ལས་སོ། །ཕ་རོལ་ཏུ་ཕྱིན་པ་དང་གསང་སྔགས་ཀྱི་ལྟུང་བ་ལ་གནང་བཀག་འགའ་ཞིག་ཐ་དད་དུ་ཡོད་དེ། ཕ་རོལ་ཏུ་ཕྱིན་པ་ལས་བུད་མེད་ལ་ཉེས་པ་མཐའ་ཡས་པར་གསུངས་ཤིང། གསང་སྔགས་བླ་མེད་ལས་བུད་མེད་ལ་སྨོད་པ་རྩ་ལྟུང་དུ་གསུངས་ཏེ་བཀག་པ་དང། དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ལས་ཕུང་པོ་ལྔ་ལ་སྨོད་པ་དང་། ཤ་ཆང་མི་བསྟེན་པ་ལ་ཡང་ལྟུང་བ་མེད་ཅིང་གནང་བ་ཡིན་ལ། བླ་མེད་ལས། ཕུང་པོ་ལྔ་ལ་སྨོད་པ་དང། ཚོགས་འཁོར་གྱི་ཚེ་དམ་ཚིག་གི་རྫས་མི་བསྟེན་པ་རྩ་ལྟུང་དུ་གསུངས་པས་སོ་ཞེས་པཎ་ཆེན་ངག་ཆོས་ཀྱི་སྡོམ་གསུམ་རྣམ་བཤད་ཟླ་འོད་ནོར་བུ་ལས་སོ། ། |
| Domain | ཆོས་ལུགས། |