53549

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མདོ་སྡེ་དགོངས་འགྲེལ་གྱི་ལེའུ་བཅུ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། མདོ་སྡེ་དགོངས་འགྲེལ་ལ་ལེའུ་བཅུ་ཡོད་དེ། གླེང་གཞིའི་ལེའུ། དོན་ཟབ་དགོངས་པ་ངེས་འགྲེལ་གྱིས་ཞུས་པའི་དྲི་ལན་གྱི་ལེའུ། བྱང་ཆུབ་སེམས་དཔའ་ཆོས་འཕགས་ཀྱིས་ཞུས་པའི་དྲི་ལན་གྱི་ལེའུ། བྱང་ཆུབ་སེམས་དཔའ་བློ་གྲོས་རྣམ་དག་གིས་ཞུས་པའི་དྲི་ལན་གྱི་ལེའུ། བྱང་ཆུབ་སེམས་དཔའ་བློ་གྲོས་ཡངས་པས་ཞུས་པའི་དྲི་ལན་གྱི་ལེའུ། བྱང་ཆུབ་སེམས་དཔའ་ཡོན་ཏན་འབྱུང་གནས་ཀྱིས་ཞུས་པའི་དྲི་ལན་གྱི་ལེའུ། བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ཀྱིས་ཞུས་པའི་དྲི་ལན་གྱི་ལེའུ། བྱང་ཆུབ་སེམས་དཔའ་བྱམས་པས་ཞུས་པའི་དྲི་ལན་གྱི་ལེའུ། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱིས་ཞུས་པའི་དྲི་ལན་གྱི་ལེའུ། བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱིས་ཞུས་པའི་དྲི་ལན་གྱི་ལེའུ་སྟེ་བཅུར་ཡོད། དེ་ཡང། ལེའུ་དང་པོས་གླེང་གཞི་བསྟན་ཏོ། །ལེའུ་གཉིས་པས་རྣམ་རིག་པའི་ལུགས་ཀྱི་དེ་ཁོ་ན་ཉིད་གཏན་ལ་འབེབས་པར་བྱེད་དོ། །དྲི་ལན་གསུམ་པས་དོན་དམ་པ་དེ་རྟོག་གེའི་བློས་ཇི་ལྟ་བ་བཞིན་དུ་བསམ་གྱིས་མི་ཁྱབ་པའི་ཚུལ་དེ་གཏན་ལ་འབེབས་པར་བྱེད་དོ། །དྲི་ལན་བཞི་པས་བདེན་གཉིས་ངོ་བོ་ཐ་དད་ལ་ལྡོག་པ་གཅིག་ཡིན་པ་ལ་གནོད་བྱེད་བཞི་བཞི་བསྟན་ནས་དེ་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དུ་བསྟན་ཏོ། །དྲི་ལན་ལྔ་པས་གཙོ་བོར་ཀུན་གཞི་རྣམ་ཤེས་གཏན་ལ་འབེབས་པར་བྱེད་དོ། །དྲི་ལན་དྲུག་པས་གཙོ་བོར་མཚན་ཉིད་གསུམ་གྱི་རྣམ་གཞག་གཏན་ལ་འབེབས་པར་བྱེད་དོ། །དྲི་ལན་བདུན་པས་དྲངས་ངེས་ཀྱི་རྣམ་གཞག་གཙོ་བོར་གཏན་ལ་འབེབས་པར་བྱེད་དོ། །དྲི་ལན་བརྒྱད་པས་ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་གྱི་རྣམ་གཞག་གཏན་ལ་འབེབས་པར་བྱེད་དོ། དྲི་ལན་དགུ་པས་རྒྱུ་བྱང་སེམས་ཀྱི་ཐེག་པ་གཙོ་བོར་གཏན་ལ་འབེབས་པར་བྱེད་དོ། །དྲི་ལན་བཅུ་པས་འབྲས་བུ་སངས་རྒྱས་ཀྱི་སའི་རྣམ་གཞག་གཙོ་བོར་གཏན་ལ་འབེབས་པར་བྱེད་དོ། །མདོར་ན་དྲི་ལན་དགུ་པོ་འདིས་རྣམས་རིག་པའི་ལུགས་ཀྱི་བཞི་ལམ་འབྲས་བུ་གསུམ་གྱི་རྣམ་གཞག་གཏན་ལ་འབེབས་པར་འབྱེད་དོ། །
Domain ཆོས་ལུགས།