53554
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མེ་ཡི་རང་མཚན་གཞལ་བྱ་ལ། །དུ་བ་ལས་བྱུང་གཞན་སེལ་བློ། །ཚད་མ་ཉིད་ཡིན་དེ་རྟོགས་པ། །འབྲས་བུ་ཡིན་ཞེས་མཁས་རྣམས་བཞེད། །ཅེས་བྱ་བ། གཞན་སེལ་ལ་དོན་རང་མཚན་གྱི་མེར་འཁྲུལ་པ་གཞལ་བྱ། དུ་བའི་རྟགས་ལས་དེ་རྟོགས་པའི་བློ་ཚད་མ། དེ་ལས་མེའི་རང་མཚན་རྟོགས་པའི་རྗེས་དཔག་གི་ཐ་སྙད་ཚད་མའི་འབྲས་བུ་ཡིན་ནོ། །ཞེས་འཇམ་མགོན་ས་པཎ་གྱི་རིགས་གཏེར་རང་འགྲེལ་ལས་སོ། ། |
| Domain | ཚད་མ། |