53563
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བོན། མདོ་སྡེ་གཞུང་བཞི་ལས་འཕྲོས་པའི་མདོ་སྡེ་ཡན་ལག་ཞིག་སྟེ། གཟི་བརྗིད་པོད་གསུམ་པ་ལས། དེ་ལྟར་མདོ་སྡེ་གཞུང་བཞི་ལ། མདོ་སྡེ་བརྒྱད་དུ་གྱེས་པ་སྟེ། ཞེས་སོ། །བརྒྱད་ནི། སྣོད་བརྟེན་འབྱུང་བ་ཆགས་འཇིག་གི་མདོ་དང། བསྐལ་སྲིད་དུས་ཀྱིས་བྲོས་དེད་ཀྱི་མདོ། དུས་གསུམ་གཤེན་རབ་བྱུང་ཁུངས་ཀྱི་མདོ། ཐིག་ལེ་ཉག་གཅིག་གི་མདོ། ཁམས་གསུམ་སེམས་ཅན་སྐྱེ་འཆིའི་མདོ། ཉོན་མོངས་དྲག་རྩུབ་ཞི་བྱེད་ཀྱི་མདོ། བླ་མེད་གོ་འཕང་བསྒྲུབས་ཐབས་དང་། གསང་བ་སྔགས་ཀྱི་མདོ་དང་བརྒྱད་དོ། །དེ་ཡང་གྱེས་ཚུལ་ནི། མདོ་སྡེ་དང་པོ་དང་གཉིས་པ་གཉིས་ནི། སྲིད་པ་རྒྱུད་ཀྱི་མདོ་སྡེ་ལས་གྱེས་ཏེ། དེ་ཉིད་ལས། སྲིད་པ་རྒྱུད་ཀྱི་མདོ་སྡེ་ལས། སྣོད་བརྟེན་འབྱུང་བ་ཆགས་འཇིག་དང་། བསྐལ་སྲིད་དུས་ཀྱིས་བྲོས་དེད་གཉིས། ཞེས་སོ། །དེ་བཞིན་མདོ་སྡེ་གསུམ་པ་དང་བཞི་བ་གཉིས་ནི། ཐེག་པ་ཆེན་པོའི་ཡུལ་གྱི་མདོ་ལས་གྱེས་ཏེ། དེ་ཉིད་ལས། ཐེག་པ་ཆེན་པོ་ཡུམ་ལས་སུ། དུས་གསུམ་གཤེན་རབ་བྱུང་ཁུངས་དང་། ཐིག་ལེ་ཉག་གཅིག་མདོ་རྩའོ། །ཞེས་སོ། །དེ་བཞིན་མདོ་སྡེ་ལྔ་བ་དང་དྲུག་པ་ནི། གཤེན་རབ་གྲའི་མདོ་སྡེ་ལས་གྱེས་ཏེ། དེ་ཉིད་ལས། གཤེན་རབ་གྲའི་མདོ་སྡེ་ལས། ཁམས་གསུམ་སེམས་ཅན་སྐྱེ་འཆི་དང་། ཉོན་མོངས་དྲག་རྩུབ་ཞི་བྱེད་གཉིས། ཞེས་སོ། །དེ་བཞིན་མདོ་སྡེ་བདུན་པ་དང་བརྒྱད་པ་ནི། སེམས་བསྒྲུབ་སིལ་བུའི་མདོ་སྡེ་ལས་གྱེས་ཏེ། དེ་ཉིད་ལས། སེམས་བསྒྲུབ་སིལ་བུའི་མདོ་སྡེ་ལས། བླ་མེད་གོ་འཕང་སྒྲུབ་ཐབས་དང་། གསང་བ་སྔགས་ཀྱི་མདོ་རྩའོ། །ཞེས་སོ། ། |
| Domain | ཆོས་ལུགས། |