53573

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མདོ་སྡེ་རྒྱན་གྱི་རྣམ་བཤད་ཐེག་ཆེན་རབ་གསལ་སྣང་བ་ (1)
Part of speech མིང་ཚིག
Definition རྣལ་འབྱོར་དབུ་མའི་སྐོར། གཞུང་འདིའི་མཚན་རྒྱས་པ་ནི། ཐེག་པ་ཆེན་པོ་མདོ་སྡེ་རྒྱན་གྱི་རྣམ་པར་བཤད་པ་ཐེག་ཆེན་རབ་གསལ་སྣང་བ་ཞེས་གསོལ། མཛད་པ་པོ་ནི་ཇོ་ནང་བླ་མ་ས་བཟང་མ་ཏི་པཎ་ཆེན་བློ་གྲོས་རྒྱལ་མཚན་དཔལ་བཟང་བོ། གཞུང་ཚད་ལ་པོད་ཆེན་གཅིག་འདུག ཐེག་ཆེན་མདོ་སྡེ་རྒྱན་འདིའི་དགོངས་པ་ནི་རྣལ་འབྱོར་དབུ་མ་གཞན་སྟོང་དུ་བཀྲལ་འདུག་སྟེ། དེའི་ཚུལ་ཡང་གཞུང་དེའི་མཇུག་རྩོམ་དུ། ཐེག་པ་གསུམ་གྱི་ནང་ནས་མཐར་ཐུག་ཐེག་ཆེན་མདོ་སྡེ་ཀུན་གྱི་རྒྱན། ། གྲུབ་མཐའ་བཞི་ཡི་ནང་ནས་མཐར་ཐུག་དབུ་མ་ཆེན་པོའི་དོན་སྟོན་པ། །འཁོར་ལོ་གསུམ་གྱི་ནང་ནས་མཐར་ཐུག་འཁོར་ལོ་ཕྱི་མའི་དགོངས་འགྲེལ་མཆོག །བསྟན་བཅོས་ཀུན་གྱི་ནང་ནས་མཐར་ཐུག་འདི་ལ་མཁས་རྣམས་དགེས་པར་མཛོད། །སེམས་ཀྱི་རང་བཞིན་འོད་གསལ་སྟོན་པ་ལ། །སེམས་ཙམ་གཞུང་ཞེས་བཏགས་ནས་འདོར་བ་ཡི། །སེམས་ལྡན་མཁས་པར་རློམ་པ་དེ་དག་གི །སེམས་ལ་ཆོས་སྤོང་ལས་ཀྱིས་གོས་མ་གྱུར། །ཅེས་གསུངས།