53574

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མདོ་སྡེ་རྒྱན་གྱིས་སེམས་ཙམ་རྣམ་བདེན་པའི་ལུགས་སྤྱོད་པའི་ཆ་གཙོ་བོར་སྟོན་པ་ལེའུ་ཉེར་གཅིག་ (1)
Part of speech མིང་ཚིག
Definition ༡ སྤྱིར་བསྟན། ༢ ཐེག་ཆེན་བཀར་བསྒྲུབས། ༣ སྐྱབས་འགྲོའི་ལེའུ། ༤ རིགས་ཀྱི་ལེའུ། ༥ སེམས་བསྐྱེད་ཀྱི་ལེའུ་དེ་རྣམས་ཀྱིས་མདོ་སྡེ་རྒྱན་ཉམས་སུ་ལེན་པའི་གང་ཟག་གམ་མདོ་སྡེ་རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱ་སོ་སྐྱེ་དེ་ལ་ཡོན་ཏན་དེ་དང་ལྡན་པ་ཞིག་དགོས་ཞེས་བསྟན། ༦ བདག་གཞན་དང་དོན་གྱི་ལེའུ། ༧ དེ་ཁོ་ན་ཉིད་ཀྱི་ལེའུ། ༨ མཐུ་གྲུབ་པའི་ལེའུ། ༩ རང་གཞན་སྨིན་པའི་ལེའུ། ༡༠ དེ་ལ་བརྟེན་ནས་བྱང་ཆུབ་ཐོབ་པའི་ལེའུ་རྣམས་ཀྱིས། མདོ་སྡེ་རྒྱན་ཉམས་སུ་ལེན་པ་པོའི་གང་ཟག་གིས་གང་ལ་བསླབ་པར་བྱ་བའི་གཞི་བསྟན། ༡༡ ཆོས་མོས་ཀྱི་ལེའུ། ༡༢ ཆོས་ཚོལ་བའི་ལེའུ། ༡༣ ཆོས་བཤད་པའི་ལེའུ། ༡༤ ཆོས་བསྒྲུབས་པའི་ལེའུ། ༡༥ གདམས་ངག་རྗེས་བསྟན་གྱི་ལེའུ། ༡༦ ཐབས་ལྡན་གྱི་ལེའུ་རྣམས་ཀྱིས་མདོ་སྡེ་རྒྱན་ཉམས་སུ་ལེན་པ་པོའི་གང་ཟག་གིས། ཚུལ་ཇི་ལྟར་ཉམས་སུ་ལེན་ཚུལ་དེ་བསྟན། ༡༧ ཕྱིན་དྲུག་བསྡུ་བཞིའི་ལེའུ། ༡༨ མཆོད་རྟེན་ཚད་མེད་ཀྱི་ལེའུ། ༡༩ བྱང་ཆུབ་ཕྱོགས་མཐུན་གྱི་ལེའུ། ༢༠ ཡོན་ཏན་གྱི་ལེའུ་རྣམས་ཀྱིས། ལེའུ་བཅུ་དྲུག་པ་ཐབས་ལྡན་རྒྱས་པར་བཤད་པའོ། ། ༢༡ སྤྱོད་པ་མཐར་ཐུག་གི་ལེའུ་ནི་ཐོབ་བྱ་མཐར་ཐུག་ཐོབ་ནས་གདུལ་བྱ་རྗེས་སུ་གཟུང་ཚུལ་བཤད་པའོ། །
Domain ཆོས་ལུགས།