53587

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མདོ་སྡེའི་ལེའུ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། བསྟན་པའི་གནས་ཚད་ཀྱི་ནང་གསེས་ལུང་གི་ལེའུ་གསུམ་གྱི་ནང་ཚན་ནམ་ལྔ་བརྒྱ་པ་ཕྲག་བཅུའི་ནང་གསེས་ཤིག་སྟེ། དེ་ཡང་ལྔ་བརྒྱ་པ་ཕྲག་བརྒྱད་པའི་དུས་སུ་མདོ་སྡེའི་སྡེ་སྣོད་ལ་ཐོས་བསམ་བྱེད་པའི་གང་ཟག་མང་དུ་འབྱུང་བའི་དུས་ཡིན་པས་མདོ་སྡེའི་དུས་ཀྱི་ལེའུ་སྟེ། སེར་སྨད་རྒྱལ་དབང་མཛོད་ལས། དེ་ནས་ལྔ་བརྒྱ་པ་ཕྲག་གསུམ་ལ་ལུང་གི་ལེའུ་སྟེ་རིམ་པ་བཞིན་མངོན་པ། མདོ་སྡེ། འདུལ་བའི་སྡེ་སྣོད་འཛིན་པ་མང་དུ་འབྱུང་བས་དེ་དང་དེའི་དུས་ཀྱི་ལེའུ་གསུམ་དང༌། ཞེས་གསུངས། ཕུག་ལུགས་ཀྱི་དབང་དུ་བྱས་ན་ཕྱི་ལོ་ ༢༧༩༣ ནས་ ༣༢༩༣ ལོའི་བར། གནས་བརྟན་པའི་ལུགས་སུ་བྱས་ན་ཕྱི་ལོ་ ༢༤༥༦ ནས་ ༢༩༥༦ ལོའི་བར། གང་ལྟར་ཡུན་ཚད་ལ་མི་ལོ་ལྔ་བརྒྱ་ཡོད། རྩིས་གཞུང་ཉིན་བྱེད་སྣང་བ་ལས། མངོན་པ་མདོ་སྡེ་འདུལ་བ་རྣམས། །ཞེས་བྱུང་།
Domain ཆོས་ལུགས།

{{#arraymap:མདོ་སྡེའི་ལེའུ་

|; |@@@ | | }}