53588

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མདོ་སྡེའི་སྡེ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། མདོ་སྡེའི་སྡེ་གང་ཞེ་ན། གང་སྨོས་པའི་ཚུལ་གྱིས་སྐྱང་བར་གསུངས་བ་སྟེ། ཕན་ཡོན་བཅུ་གཟུགས་ནས་དེ་བཞིན་གཤེགས་པ་མདོར་སྨོས་པའི་ཚུལ་གྱིས་ཆོས་སྟོན་ཏེ། རྣམ་པར་གཞག་པར་སླ་བ་དང༌། བཤད་པར་སླ་བ་དང༌། ཆོས་ལ་གུས་པས་མྱུར་དུ་ཚོགས་ཡོངས་སུ་རྫོགས་པར་བྱེད་པ་དང༌། མྱུར་དུ་ཆོས་ཉིད་རྟོགས་པར་འགྱུར་བ་དང༌། སངས་རྒྱས་ལ་ཤེས་ནས་དད་པ་ཐོབ་པ་དང༌། ཆོས་དང༌། དགེ་འདུན་ལ་ཤེས་ནས་དད་པ་ཐོབ་པ་དང༌། མཐོང་བའི་ཆོས་ལ་བདེ་བར་གནས་པའི་མཆོག་ལ་རེག་པ་དང༌། འབེལ་བའི་གཏམ་གྱིས་གཏན་ལ་འབེབས་པས་དམ་པ་རྣམས་ཀྱི་སེམས་མགུ་བར་བྱེད་དེ། མཁས་པ་མཁས་པ་ཞེས་བྱ་བའི་གྲངས་སུ་འགྲོ་བའོ། །
Domain ཆོས་ལུགས།

{{#arraymap:མདོ་སྡེའི་སྡེ་

|; |@@@ | | }}