53591

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མདོ་སྤེ་ཆོས་མཛད་ (1)
Part of speech མིང་ཚིག
Definition རབ་བྱུང་དགུ་པའི་ཤིང་ལུག་ཕྱི་ལོ་ ༡༥༣༥ ལོར་གཙང་ཤབ་སྟོད་ཚ་རོང་མདོ་སྤེར་ཡབ་དཔལ་ལྡན་སྐྱིད་དང་། ཡུམ་ཆོས་སྐྱོང་འཛོམས་པ་གཉིས་ཀྱི་སྲས་སུ་འཁྲུངས། གུང་ལོ་དགུ་པར་ངག་དབང་གྲགས་པ་ལས་དགེ་བསྙེན་གྱི་སྡོམ་པ་མནོས། སློབ་དཔོན་ཤཱཀྱ་བཟང་པོ་ལས་ཡི་གེའི་སྦྱོར་ཀློག་ཆོས་སྤྱོད་དང་བཅས་སྦྱངས། བཅུ་གཉིས་པར་གངས་ཅན་ཆོས་འཕེལ་དུ་མཁན་ཆེན་བྱང་ཆུབ་བློ་ལྡན་ལས་བསྡུས་གཞུང་སོགས་ལ་བསླབས། བཅུ་དྲུག་པར་རབ་ཏུ་བྱུང་། མཚན་ལ་དཔལ་རྒྱ་མཚོ་ཞེས་གསོལ། བཅུ་དགུ་པར་གསོ་རིག་སྦྱངས། ལོ་གཅིག་གི་རིང་དུ་རྩ་བཤད་ཕྱི་གསུམ་ཐུགས་འཛིན་གནང་། ཉི་ཤུ་པར་སློབ་དཔོན་སྦུར་ཚོ་ཡོན་ཏན་རྒྱ་མཚོ་ལས་གསོ་རིག་གཞུང་ལུགས་དང་། ཉམས་མྱོང་དམར་ཁྲིད་སྦྲགས་མ་མཛད་ནས་སློབ་གཉེར་ལེགས་ཐོན་མཛད། ཉེར་གཉིས་པར་སློབ་དཔོན་དང་མཉམ་དུ་སྟོད་ཕྱོགས་སུ་བྱོན། གོང་སྨན་དཀོན་མཆོག་འཕན་དར་ལས་གདམས་ངག་ལོ་གསུམ་རིང་སྦྱངས། རྒྱུད་བཞི་ཐུགས་ནས་འཆད་པའི་སྐུ་ཡོན་རྒྱས། ཉེར་དྲུག་པ་རབ་བྱུང་དགུ་པའི་ལྕགས་སྤྲེལ་ཕྱི་ལོ་ ༡༥༦༡ ལོར་སྨན་ལུང་ཕྲེང་བ་ཅན་གྱི་དགོན་པ་བཏབ། གསོ་རིག་གི་འཆད་ཉན་བསྐྱངས། འདས་ལོ་མི་གསལ། སློབ་མ་ནི་ལྕགས་སྟོད་པ་དཔལ་ལྡན་ཚུལ་ཁྲིམས་དང༌། བརྩེ་ཆེན་པ་གྲགས་པ་བཟང་པོ་སོགས་ཡོད། གསུང་རྩོམ་ནི་འབྲུམ་ནག་བཅོས་ཐབས་ཀྱི་ཡིག་ཆུང་དང་། ཚད་གསར་གསོ་བའི་ཡིག་ཆུང་། གག་པར་དང་རིམས་ཚད་ཕྲ་མོའི་བཅོས་ཐབས། གློ་ནད་གསོ་བའི་ཡིག་ཆུང་། རྐང་འབུམ་གསོ་བའི་ཡིག་ཆུང་། འཚོ་བྱེད་གཞོན་ནུའི་རྣམ་ཐར་མདོར་བསྡུས་བཅས་བཞུགས།
Synonyms ཚ་རོང་དཔལ་ལྡན་རྒྱལ་མཚན།