53620
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོག་ལུ་ཕུ་དགོན་ནི། ཆུ་ཕོ་འབྲུག་གི་ལོ་ཕྱི་ལོ་ ༡༤༧༢ གྲུབ་ཆེན་ཆོས་རིན་ཆེན་དགུང་ལོ་ལྔ་བཅུ་རྩ་གཉིས་ལོར་བཏབ། འདི་ནི་དཔལ་ལྡན་ས་སྐྱ་པའི་རྫོང་ལུགས་ཀྱི་ཆོས་སྡེ་ཞིག་ཡིན་ཞིང་། ད་ལྟ་བོད་ལྗོངས་གཞིས་ཀ་རྩེ་ས་གནས་ངམ་རིང་ཆུ་འོག་ཤང་མདོག་གཞུང་ཁང་གསར་གྲོང་ཚོར་ཆགས་ཡོད། དེ་ཡང་ཐོག་མར་གྲུབ་ཆེན་ཆོས་རིན་ཆེན་ཉིད་གཙང་ངམ་རིང་གི་ཆོས་སྒོར་ཞུགས་ཤིང་། ཕྱིས་བྱ་བཏང་གྲུབ་པའི་བརྟུལ་ཞུགས་གནང་ཏེ་ཁང་གསར་ཕུ་རུ་བཞུགས་པ་དང་། དགོན་པ་འདེབས་པའི་མཚན་ལྟས་བྱུང་བ་ལྟར། ས་འཚོལ་བར་བྱོན་པ་ན། མདོག་གཞུང་བྱང་ཁང་གསར་ཕུའི་རྩེ་ཏཱས་ལ་དང་། དཔལ་རི་སོགས་སུ་ཡུན་རིང་བཞུགས་ཀྱང་དགོན་པ་འདེབས་པའི་ས་རིས་བཀྲ་བ་མ་གཟིགས། དཔལ་རི་ནས་རོས་ཕུ་བརྒྱུད་མདོག་གཞུང་བྱང་ཁང་གསར་ཕྱོགས་སུ་ཕེབས་དུས་ཕུ་ལུའི་གནས་དེ་གཟིགས་ཤིང་ས་རིས་བརྟག་པས། ཕྱོགས་བཞིའི་རི་རྣམས་རྟགས་བཟང་པོར་གཟིགས་ཤིང་། སྔོན་གྱི་སྨོན་ལས་གྱིས་རྟེན་འབྲེལ་མཐུ་བཙན་པས་སྐབས་དེར་ད་ལྟའི་དགོན་པ་ཆགས་ཡུལ་གྱི་ཕུ་ན་ལུ་མ་ཆུ་མིག་ཞིག་ཀྱང་གསར་དུ་ཐོན་པ་ལ་བརྟེན། ཐུན་མིན་གྱི་ཁྱད་ཆོས་དང་རྟེན་འབྲེལ་ལས་དབང་དེ་དག་ལ་དགོངས་ནས་ཕུ་ལུ་དགོན་པ་ཕྱག་བཏབ། དགོན་པ་འདིའི་ནང་རྟེན་ནི། གསེར་ཟངས་ཀྱི་ཐུབ་པ་མི་ཚད་མ་དང་། མི་འཁྲུགས་པ། རྡོ་རྗེ་འཆང་སོགས་ལི་དང་གསེར་གྱི་སྐུ་དང་མཆོད་རྟེན་བརྒྱ་དང་སུམ་ཅུ་རྩ་གསུམ། སྨན་འཇིམ་གྱི་འོད་དཔག་མེད་དང་། ཐུབ་དབང་། སློབ་དཔོན་རིན་པོ་ཆེ། གོང་མ་རྣམ་ལྔ་སོགས་དང་། རྫིམ་སྐུ་ལམ་འབྲས་བླ་བརྒྱུད། ཀུན་རིག་ལྷ་ཚོགས། གཞན་ཡང་དཀྱིལ་འཁོར་དང་ཞལ་ཐང་རྙིང་མ་ཉིས་བརྒྱ་ལྷག་དང་། ལྡེབས་རིས་སོགས་རྟེན་ཤིན་ཏུ་མང་ལ། གསུང་རྟེན་ལ། གསེར་ལས་གྲུབ་པའི་བཀའ་འགྱུར་དང་། འབུམ། གཞན་ཡང་ས་སྐྱ་བཀའ་འབུམ་དང་བླ་མ་དམ་པ་སོགས་ཀྱི་གསུང་འབུམ་པོད་སོ་བརྒྱད་སོགས་བཞུགས། གཞན་ཡང་དགོན་སྡེ་འདིར། །ས་པཎ་ནས་བརྒྱུད་པའི་སྡོམ་རྒྱུན་བཞུགས་ཤིང་། ས་སྐྱ་པའི་བདག་ཆེན་དང་། ས་སྐྱ་ལྷ་ཁང་ཆེན་མོར་ཡང་ས་པཎ་གྱི་སྡོམ་རྒྱུན་ཕྱིས་སུ་འདི་ནས་སླར་གསོ་མཛད། མཁས་གྲུབ་ཀྱང་མཁན་ཆེན་སངས་རྒྱས་འོད་ཟེར་དང་། མཁན་ཆེན་བྱམས་པ་ངག་དབང་དཔལ་བཟང་སོགས་མཁས་གྲུབ་ཀྱང་མང་དུ་བྱོན། འོན་ཀྱང་རིག་གནས་གསར་བརྗེའི་སྐབས་དགོན་པ་ཡོངས་སུ་རྩ་གཏོར་བཏང་ཡང་། ལོ་རབས་དགུ་བཅུ་པའི་ནང་། སྔོན་དུས་དགོན་པའི་གྲྭ་པ་ཡིན་པ་བསོད་ནམས་བཀྲིས་དང་ཡུལ་མི་རྣམས་ནས་ལུ་ཕུ་དགོན་པ་ཉམས་གསོ་གནང་མགོ་བཙུགས་ཏེ། མེས་པོ་བཀྲིས་དབང་འདུས་དང་བསོད་ནམས་བཀྲིས་ལགས་ཀྱི་བཀའ་དྲིན་ལ་བརྟེན་ནས། གསེར་ཟངས་རྗེ་ཆོས་རིན་ཆེན་གྱི་གསེར་ཟངས་ཀྱི་སྐུ་སོགས་དང་། དེང་སང་ས་སྐྱ་བཀའ་འབུམ་གྱི་དཔེ་བསྡུར་གནང་ཡུལ་ལུ་ཕུའི་ས་སྐྱ་བཀའ་འབུམ་ལ་སོགས་པའི་རྟེན་མང་པོ་སྔར་བཞིན་དགོན་པར་བཞུགས། |