53626
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | གཞན་ལ་ངོ་དགའ་བྱེད་པ་དང་། བསྟོད་པ། ངོ་ཆེན་ཞུ་བའི་དོན་ཏེ། ངག་སྒྲོན་གྱི་འགྲེལ་པ་ལས། མདོང་གསོལ་ངོ་དགའ་བསྟོད་པ། ཞེས་དང་། བརྡ་ཡིག་བློ་གསལ་མགྲིན་རྒྱན་ལས། མདོང་གསོལ་ནི་ངོ་ཆེན་ཞུ་བའམ་ངོ་དགའ་བྱེད་པ་ཞེས་གསུངས། |
| Type | བརྡ་རྙིང་། |
| Part of speech | མིང་ཚིག |
|---|---|
| Definition | དྲང་གཏམ་མམ་བདེན་པ་བཤད་པའི་དོན་ཏེ། བརྡ་སྤྲོད་དཔག་བསམ་ལྗོན་པའི་སྙེ་མ་ལས། མདོང་གསོལ་ནི་བདེན་སྨྲ། ཞེས་གསུངས། |