53641
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཕར་ཕྱིན། ཚིག་རྐང་དང་པོས་སངས་རྒྱས་ཀྱི་སའི་གཞི་སྐྱེ་མེད་དུ་རྟོགས་པའི་རྟོགས་རིགས་བསྟན་ཏེ། སྒྲུབ་བྱེད་གཞུང་དང་སྦྱར་བ་ནི་སྔར་དང་འདྲའོ། །ཚིག་རྐང་གཉིས་པས་ནི་སངས་རྒྱས་ཀྱི་སའི་ལམ་སྐྱེ་མེད་དུ་རྟོགས་པའི་རྟོགས་པ་བསྟན་ཏེ། རྟོགས་རིགས་དེ་གདུལ་བྱ་བྱང་སེམས་ཀྱི་རིགས་ཅན་ལ་བསྟན་པས་འགྲོ་བ་ལ་ཕན་པར་བྱེད་པའི་བྱང་སེམས་རྣམས་ཀྱིས་རྟོགས་རིགས་དེ་ཉམས་སུ་བླངས་པས་ལམ་ཤེས་ཉིད་ཀྱིས་འཇིག་རྟེན་གྱི་དོན་སྒྲུབ་པར་མཛད་པའི་ཕྱིར་རོ། །ཚིག་རྐང་གསུམ་པས་ནི་སངས་རྒྱས་ཀྱི་སའི་རྣམ་མཁྱེན་བསྟན་ཏེ། རྣམ་མཁྱེན་རང་ཉིད་གང་དང་ཡང་དག་པར་ལྡན་པས་སོགས་སོ། །དེ་ལྟ་བུའི་མཁྱེན་པ་གསུམ་ནི་སངས་རྒྱས་ཀྱི་བཞེད་དོན་སྒྲུབ་བྱེད་ཀྱི་ཡུམ་ཡིན་པས་དེ་ལ་ཕྱག་འཚལ་བའོ། །ཉན་ཐོས་བྱང་ཆུབ་སེམས་དཔའི་ཚོགས་བཅས་ནི་སངས་རྒྱས་ཀྱི་ཁྱད་ཆོས་ལ་སྦྱར་བ་སྔར་དང་འདྲའོ། །དེ་ལྟར་ན་གཞུང་འདིས་མདོའི་དགོས་པ་བསྟན་ཏེ། མདོའི་དགོས་པ་མཐར་ཐུག་པ་ནི་མཁྱེན་གསུམ་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དུ་ལྡན་པའི་འབྲས་བུ་ཤེར་ཕྱིན་ཡིན་པའི་ཕྱིར་རོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་ཟབ་མོ་ལས་སོ། ། མདོའི་དགོས་པ་ལ་སྦྱར་བ་ནི། རྒྱན་གྱི་མཆོད་བརྗོད་འདི་མཐར་ཐུག་གི་འབྲས་བུར་གྱུར་པའི་མཁྱེན་གསུམ་སྟོན་བྱེད་དུ་སྦྱར་ནས་འཆད་པའི་ཚུལ་ཡང་ཡོད་དེ། ཐོབ་བྱའི་འབྲས་བུ་མཐར་ཐུག་མཆོད་བརྗོད་ཀྱི་ཡུལ་དུ་བྱས་ནས་དེ་ཐོབ་པར་བྱེད་པའི་ཐབས་སུ་མངོན་པར་རྟོགས་པ་བརྒྱད་བཤད་པ་གཞུང་འདིའི་སྐབས་དོན་ཡིན་པས། དེ་ལྟར་གྱི་ཚེ་ན། སངས་རྒྱས་སའི་གཞི་སྐྱེ་མེད་དུ་རྟོགས་པའི་རྟོགས་རིགས་སུ་གྱུར་པའི་མཁྱེན་པ་དང་། དེའི་ལམ་སྐྱེ་མེད་དུ་རྟོགས་པའི་རྟོགས་རིགས་དང་། དེའི་རྣམ་པ་སྐྱེ་མེད་དུ་རྟོགས་པའི་རྟོགས་རིགས་སུ་གྱུར་པའི་མཁྱེན་པ་རྣམས་སྦྱར་ཚུལ་གཉིས་པའི་ཚེ་རིམ་བཞིན་དུ་ཚིག་རྐང་དང་པོའི་དངོས་བསྟན་གྱི་གཞི་ཤེས་དང་། གཉིས་པའི་དངོས་བསྟན་གྱི་ལམ་ཤེས་དང་། གསུམ་པའི་དངོས་བསྟན་གྱི་རྣམ་མཁྱེན་ཡིན་ཅིང་། དེ་ལྟ་བུའི་མཁྱེན་པ་གསུམ་ནི་སངས་རྒྱས་ཀྱི་བཞེད་དོན་སྒྲུབ་བྱེད་ཀྱི་ཡུམ་ཡིན་པས་དེ་ལ་ཕྱག་འཚལ་ལོ། །ཞེས་འཆད་པ་ལ། ཉན་ཐོས་ཞི་བ་ཚོལ་རྣམས་ཞེས་པ་ནས། ཡུམ་དེ་ལ་ཕྱག་འཚལ་ཞེས་པའི་བར་བྱུང་ངོ་། །ཞེས་པཎ་ཆེན་ངག་ཆོས་ཀྱིས་རྒྱན་གྱི་བཀའ་འགྲེལ་དགོངས་དོན་རབ་གསལ་ལས་གསུངས་སོ། ། |
| Domain | ཆོས་ལུགས། |