53643

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མདོའི་སྡེ་ (1)
Part of speech མིང་ཚིག
Definition གསུང་རབ་ཡན་ལག་བཅུ་གཉིས་ཀྱི་དང་པོ་གདུལ་བྱ་འདུལ་བའི་དོན་དུ་རྒྱས་བསྡུས་བཅད་ལྷུག་ཅི་རིགས་ཀྱི་སྒོ་ནས་བརྗོད་བྱ་སྣ་ཚོགས་སྟོན་པའི་མདོ་ཉན་ཐོས་ཀྱི་མདོ་སྡེའི་སྡེ་སྣོད་དུ་གཏོགས་པ་ཞིག
Domain ཆོས་ལུགས།
མདོའི་སྡེ་ (2)
Part of speech མིང་ཚིག
Definition སངས་རྒྱས་ཀྱིས་བཤད་པའང་རུང་སངས་རྒྱས་ཀྱིས་གནང་སྟེ། ཉན་ཐོས་ཀྱིས་བཤད་པ་ཡང་རུང། དོན་མདོ་ཙམ་དུ་སྟོན་ཞིང་སྨོས་པས་ན་མདོའི་སྡེ་ཞེས་བྱའོ། །