53658

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མདོས་ཀྱི་བསྔོ་བའི་འཕྱོངས་ (1)
Part of speech མིང་ཚིག
Definition ཀུན་མཁྱེན་མི་ཕམ་རྒྱ་མཚོས་མཛད་པ་ཞིག་སྟེ། གུ་རུ་ཆོས་དབང་གི་གཏེར་མ་འཆར་ཁ་གནམ་སྐས་མའི་འཕྱོངས་སོགས་ལས་བྱུང་བའི་མདོས་གླུད་ཀྱི་ཆོ་ག་ཞིག་ཡིན། དེའི་ནང་ཚན་དུ་སྲོག་ཆགས་ཀྱི་འཕྱོངས་དང་། རྒྱལ་མཚན་གྱི་འཕྱོངས། རྒྱང་བུའི་འཕྱོངས། ནམ་མཁའི་འཕྱོངས། རྩང་གི་འཕྱོངས། ཤིང་རིས་ཀྱི་འཕྱོངས། ཕོ་སྟོང་གི་འཕྱོངས། མོ་གདོང་གི་འཕྱོངས། མདའི་འཕྱོངས། འཕང་བཀྲའི་འཕྱོངས་བཅས་དང་། དེར་ལྷ་འདྲེ་སྟོང་དྲའི་རྒྱུད་ལས་བྱུང་བའི་སྣང་གསལ་རྐང་གི་འཕྱོངས་དང་། མཇུག་ཏུ་མདོས་བསྔོ་ཟེར་བ་སོགས་ཡོད།