From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
མན་ངག་ (1)
| Part of speech
|
མིང་ཚིག
|
| Definition
|
ཚིག་ཉུང་ལ་དོན་འདྲིལ་ཞིང་གནད་དུ་ཕོག་པའོ།།
|
མན་ངག་ (2)
| Part of speech
|
མིང་ཚིག
|
| Definition
|
སྔགས། མ་ཧཱ་ཡོ་ག དཀོན་ཅོག་འགྲེལ་ལས། མན་ངག་ཅེས་བྱ་བ་ནི། ཨུ་པ་དེ་ཤ་ཞེས་བྱ་བའི་སྒྲས་དོན་ཕྱིན་ཅི་མ་ལོག་པར་གཏན་ལ་འབེབ་པ་ལ་ཡང་བྱ། རྣམ་པ་གཅིག་ཏུ་ན་ཨུ་པ་ནི་ཉེ་བ། དེ་ཤ་ནི་བསྟན་པ་སྟེ། དོན་ཆེན་པོ་བསྒྲུབ་པ་ལ་ཐབས་ཉེ་བར་བསྟན་པ་ནི་མན་ངག་ཅེས་བྱའོ། །ཞེས་གསུངས།
|
| Domain
|
ཆོས་ལུགས།
|
མན་ངག་ (3)
| Part of speech
|
མིང་ཚིག
|
| Definition
|
ངེས་པའི་དོན་སྟོན་པ་ལ་རྩོལ་སྒྲུབ་ཆུང་བ་ནི་མན་ངག་གི་ངོ་བོའོ། །ངེས་ཚིག་ནི། མི་བསླུ་ངེས་པར་སྟོན་པས་མན་ངག་སྟེ། མན་ངག་མི་བསླུ་ངེས་པར་སྟོན། ཅེས་སོ། །བྱེད་ལས་ནི། ངེས་དོན་གསལ་བར་ཐིག་བཏབ་ནས་ཉམས་མྱོང་རྒྱུད་ལ་སྐྱེད་པར་བྱེད་དེ། མན་ངག་གི་ཐིག་བཏབ་ཅེས་སོ། །དཔེ་ནི། ལས་བྱེད་དམག་མི་དང་འདྲ་ཞེས་གསུངས་སོ། །དབྱེ་ན། མང་འབྲེལ་ཉུང་འདུས་དམར་ལ་འདྲིལ། ཞེས་པས། མང་ལ་འབྲེལ་བ་དོན་རྒྱུད་རྒྱས་པའི་སྡེ་དང་། དམར་ལ་འདྲིལ་བ་ལུང་དོན་འབྲིང་པོའི་སྐོར། ཉུང་ལ་འདུས་པ་བསྡུས་པ་ངོ་སྤྲོད་ཀྱི་སྐོར་དང་གསུམ་དུ་གསུངས་སོ། །དེའང་། རྒྱུད་དང་ལུང་དང་མན་ངག་གསུམ། རྗེ་དང་བློན་པོ་འབངས་ཀྱི་ཚུལ། ངོ་བོ་རྣམ་དབྱེ་བྱེད་ལས་ཡོད། ཅེས་སོ། །
|