53678
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། མ་ཧཱ་ཡོ་ག རྙིང་མ། མན་ངག་གསུམ་ནི། བཀའ་བརྒྱད་བདེ་གཤེགས་འདུས་པའི་ཆོས་སྐོར་ལ་རྒྱུད་ལུང་མན་ངག་གསུམ་གྱི་ཆོས་སྡེ་བརྒྱ་དང་སུམ་ཅུར་གྲགས་པའི་ཡ་གྱལ། མན་ངག་གི་སྐོར་སྟེ། བཀའ་བརྒྱད་རྣམ་བཤད་ལས། མན་ངག་གི་སྐོར་ལ། ཕྱི་བཤད་ཐབས་གསལ་བྱེད་ཀྱི་མན་ངག ནང་སྒྲུབ་ཐབས་གསལ་བྱེད་ཀྱི་མན་ངག གསང་བ་ཉམས་ལེན་གསལ་བྱེད་ཀྱི་མན་ངག་གསུམ། ཞེས་གསུངས་ཤིང་། གསུམ་པོ་འདི་དག་ལའང་ནང་གསེས་སུ་དབྱེ་བའི་རྣམ་གྲངས་རྣམ་པར་ཕྱེ་ན་བརྒྱ་དང་བཅུ་ཐམ་པ་སྟེ། དང་པོ་ཕྱི་བཤད་ཐབས་གསལ་བྱེད་ཀྱི་མན་ངག་ལ། ཕྱིའི་སྡོམ་ལྔ། རྒྱུད་ཀྱི་ཆིངས་ལྔ། ལུང་གི་སྡེབས་ལྔ། སྒྲུབ་ཐབས་ཀྱི་སྦྱོར་སོ་ལྔ་སྟེ། ཆོས་སྡེ་ཉི་ཤུ་དང་། གཉིས་པ་ནང་སྒྲུབ་ཐབས་གསལ་བྱེད་ཀྱི་མན་ངག་ལ། ཞི་བའི་སྒྲུབ་ཐབས་དང་ཁྲོ་བོའི་སྒྲུབ་ཐབས་གཉིས་ལས། དང་པོ་ཞི་བའི་སྒྲུབ་ཐབས་ལ། ཞི་བའི་སྒྲུབ་ལུགས་ལྔའི་ཆོས་ཚན་སུམ་ཅུ་ཐམ་པ་སྟེ། དམ་པ་རིགས་བརྒྱར་སྒྲུབ་པ་ལ་ལས་ཆུང་ལྔ་དང་། ལས་ཆེན་ལྔ། ཞི་བ་བཞི་བཅུ་རྩ་གཉིས་ལ་སྒྲུབ་ལུགས་ལྔ། དེ་ཁོ་ན་ཉིད་རིགས་ལྔ་ལ་སྒྲུབ་ལུགས་ལྔ། ཞི་བ་ཕྱག་རྒྱ་རྐྱང་པ་དང་། གསང་ཆེན་རིགས་གཅིག་ལ་སྒྲུབ་ལུགས་ལྔ་རེ་བཅས་སུམ་ཅུ་ཐམ་པ་དང་། གཉིས་པ་ཁྲོ་བོའི་སྒྲུབ་ཐབས་ལ་ཆོས་ཚན་སོ་ལྔ་སྟེ། ཁྲོ་བོའི་རྩ་བའི་སྒྲུབ་ཐབས་ལྔ་དང་། དེ་རེ་རེའི་སྒྲུབ་ལུགས་ལྔ་བཅས་བཅུ་དང་། དེའི་སྟེང་ཁྲོ་བོའི་ཡན་ལག་གི་སྒྲུབ་ཐབས་ཉེར་ལྔ་བཅས་ཆོས་ཚན་སུམ་ཅུ་སོ་ལྔ་དང་། གསུམ་པ་གསང་བ་ཉམས་ལེན་གསལ་བྱེད་ཀྱི་མན་ངག་ལ། བསྐྱེད་རྫོགས་གསུམ་གྱི་སྒྲུབ་ལུགས་ལྔ། སྔགས་ཀྱི་ཡན་ལག་ལྔ། ཐུན་མོང་གི་རྣལ་འབྱོར་ལྔ། ཁྱད་པར་གྱི་རྫོགས་རིམ་ལྔ། སྐུ་གསུམ་གྱི་གཟེར་ལྔ་བཅས་ཆོས་ཚན་ཉེར་ལྔ་སྟེ། དེ་ལྟར། ཕྱི་བཤད་ཐབས་གསལ་བྱེད་ཀྱི་མན་ངག་ལ་ཆོས་སྡེ་ཉི་ཤུ་དང་། ནང་སྒྲུབ་པ་གསལ་བྱེད་ཀྱི་མན་ངག་ལ་ཞི་བའི་ཆོས་ཚན་སུམ་ཅུ་དང་། ཁྲོ་བོའི་ཆོས་ཚན་སུམ་ཅུ་སོ་ལྔ་བཅས་དྲུག་ཅུ་རེ་ལྔ་དང་། གསང་བ་ཉམས་ལེན་གསལ་བྱེད་ཀྱི་མན་ངག་ལ་ཆོས་ཚན་ཉེར་ལྔ་བཅས། བསྡོམས་པས་མན་ངག་གི་ཆོས་སྡེ་བརྒྱ་དང་བཅུའོ། ། |
| Domain | ཆོས་ལུགས། |