53769

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མནའ་སྡོམ་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། སྟོན་པའི་ཐུགས་རྗེས་བསྟན་འགྲོའི་དོན་ལ་འཚེ་བའི་ལྷ་སྲིན་དྲེགས་པ་ཅན་རྣམས་སྲོག་སྙིང་དྲངས་ཤིང་དབང་དུ་བསྡུས་ཏེ་བཀའ་བསྒོས་པ་ཇི་བཞིན། དྲེགས་པ་དེ་རྣམས་ཀྱིས་སྟོན་པའི་སྤྱན་སྔར་བསྟན་འགྲོའི་དོན་ལ་མི་འཚེ་ཞིང་བསྟན་འཛིན་དམ་ཚིག་ལ་གནས་པའི་གཤེན་རབ་གང་དག་ལ། མཐུ་དཔུང་སྡོང་གྲོགས་བསྐལ་པའི་མཐའ་རུ་བགྱི་བར་མནའ་བོར་ཏེ་དམ་བཅས་པ་དེ་ལ་བཤད་དོ། །དེ་ཡང་། འགུ་ཡ་ལས། སྔོན་ཚེ་ཁས་བླངས་དམ་བཅས་པའི། ཚུལ་བཞིན་དུས་འདིར་མ་བྱས་ན། ཇི་ལྟར་རང་གིས་མནའ་བོར་བའི། སྡོམ་པ་དེ་ལས་འདའ་བར་བྱེད། མནའ་སྡོམ་དེ་ལས་འདས་གྱུར་ན། མགོ་དང་ལུས་དང་ཤེ་ཐུན་ཡང་། ཚལ་པ་བདུན་དུ་འགས་འགྱུར་ནས། འབར་བའི་ཁྲོ་བོས་གཏུམ་པར་འགྱུར། ཞེས་པས། སྟོན་པའི་སྤྱན་སྔར་ལྷ་སྲིན་དྲེགས་པ་ཅན་དག་གིས་བསྟན་པ་སྐྱོང་བར་སྔར་གྱི་ཁས་བླངས་བཞིན་མ་བསྒྲུབ་ན། གང་གི་དྲུང་དུ་མནའ་སྡོམ་བཅས་པ་དེ་ལས་འདས་པར་གྱུར་པ་ཡིན་ལ། དེའི་ཚེ་རང་གི་མགོ་ལུས་སྙིང་སོགས་དུམ་བུ་ཚལ་པ་བདུན་དུ་གས་པར་བྱེད་པ་སྟེ། སྟོན་པ་ཉིད་ཀྱིས་ཐུགས་ཉིད་ཞི་བའི་ངང་ནས་ཐུགས་རྗེས་རྔམ་གཏུམ་དྲག་པོའི་སྐུ་རུ་བཞེངས་ཏེ་འདུལ་བར་བྱེད་པ་ཡིན་ཞེས་བྱའོ། །
Domain ཆོས་ལུགས།

{{#arraymap:མནའ་སྡོམ་

|; |@@@ | | }}