53774

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མནར་མེད་ (1)
Part of speech མིང་ཚིག
Definition ཚ་དམྱལ་བརྒྱད་ཀྱི་ནང་གསེས། འཛམ་བུ་གླིང་འདི་ཉིད་ཀྱི་འོག་ན་དཔག་ཚད་སྟོང་ཕྲག་ཉི་ཤུ་ན་ལྕགས་ཁྱིམ་འབར་བའི་ནང་དུ་གཤིན་རྗེའི་ལས་མཁན་རྣམས་ཀྱིས་ལྕགས་བསྲེགས་ཀྱི་སོལ་བ་རི་ལྟར་སྤུངས་པའི་ཁྲོད་དུ་དམྱལ་བའི་སེམས་ཅན་གྲངས་མེད་པ་བཅུག་ནས། མེ་དང་ལུས་གཉིས་མེད་དུ་བསྲེག་པ་དང༌། ཁྲོ་ཆུ་ཁོལ་མ་ཁར་བླུགས་པ་སོགས་ཀྱི་སྡུག་བསྔལ་ཡ་ང་བ་མྱོང་དགོས་པའི་དམྱལ་བ་ཤིག་སྟེ། སྡུག་བསྔལ་བར་ཆད་མེད་པར་མནར་བའི་ཕྱིར་མནར་མེད་པ་ཞེས་བྱ། དེའི་དབྱིབས་གྲུ་བཞི། གནམ་འཕང་དང་རྒྱ་མཉམ་པ་དཔག་ཚད་ཉི་ཁྲི་དང་དེའི་འོག་གཞི་ཡང་དེ་ཙམ་མོ། །འདི་ནས་ནི་དཔག་ཚད་བཞི་ཁྲི་ཡོད་དོ། །དེར་ཚེའི་ཚད་ནི་བར་གྱི་བསྐལ་པ་གཅིག་ཐུབ་བོ། །
Domain ཆོས་ལུགས།

{{#arraymap:མནར་མེད་

|; |@@@ | | }}