From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
མམ་ (1)
| Part of speech
|
ཕྲད་ཚིག
|
| Definition
|
འབྱེད་པ་ལ་འཇུག་པ། དབྱེ་གཞི་གཅིག་ལས་དབྱེ་བ་དུ་མ་སོ་སོར་འབྱེད་པ་སྟེ། སྦྱོར་ཚུལ་རྗེས་འཇུག་མའི་རྗེས་སུ་མམ་འཐོབ་པ་ཡིན།
|
| Keyword
|
True
|
| Example
|
ཐེ་ཚོམ་གསུམ་ནི། དོན་འགྱུར་གྱི་ཐེ་ཚོམ་མམ། དོན་མི་འགྱུར་གྱི་ཐེ་ཚོམ་མམ། ཆ་མཉམ་པའི་ཐེ་ཚོམ་བཅས་སོ་ལྟ་བུ།
|
མམ་ (2)
| Part of speech
|
ཕྲད་ཚིག
|
| Definition
|
སྡུད་པ་ལ་འཇུག་པ། བསྡུ་བྱ་དུ་མ་བསྡུ་གཞི་གཅི་ཏུ་སྡུད་པ་སྟེ། སྦྱོར་ཚུལ་རྗེས་འཇུག་མའི་རྗེས་སུ་མམ་འཐོབ་པ་ཡིན།
|
| Keyword
|
True
|
| Example
|
དོན་འགྱུར་གྱི་ཐེ་ཚོམ་མམ། དོན་མི་འགྱུར་གྱི་ཐེ་ཚོམ་མམ། ཆ་མཉམ་པའི་ཐེ་ཚོམ་བཅས་ནི་ཐེ་ཚོམ་གསུམ་མོ་ལྟ་བུ།
|
མམ་ (3)
| Part of speech
|
ཕྲད་ཚིག
|
| Definition
|
འདམ་ངའི་དོན་ལ་འཇུག་པ། གདམ་བྱའི་དོན་དུ་མའི་ནང་ནས་ཆོས་གང་རུང་ཞིག་འདེམས་པར་བྱེད་དུ་བཅུག་པ་སྟེ། སྦྱོར་ཚུལ་རྗེས་འཇུག་མའི་རྗེས་སུ་མམ་འཐོབ་པ་ཡིན།
|
| Keyword
|
True
|
| Example
|
གསེར་བུམ་མམ་དངུལ་བུམ་ཡང་རུང་ལྟ་བུ།
|
མམ་ (4)
| Part of speech
|
ཕྲད་ཚིག
|
| Definition
|
དྲི་བ་སྟོན་པ། དོན་གང་ཡིན་མ་ངེས་པའམ་བློ་གཉིས་སུ་ཕྱོགས་ཏེ་ཐེ་ཚོམ་ཟ་བ་སོགས་དྲི་བའི་དོན་ལ་འཇུག་པ་སྟེ། སྦྱོར་ཚུལ་རྗེས་འཇུག་མའི་རྗེས་སུ་མམ་འཐོབ་པ་ཡིན།
|
| Keyword
|
True
|
| Example
|
ཁྱོད་ཀྱིས་དེ་ལྟར་བསམ་མམ་ལྟ་བུ།
|