53851
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | གནམ་ལོར་གང་ཤར་ལ་བརྟེན་པའི་བརྩི་བྱ་བྱེ་བྲག་པར་མཚང་ཆེ་བའི་དུར་ཉི་གནམ་དུར་དང་། བར་དུར། ས་དུར་བཅས་གསུམ་ཡིན། དེལས་བརྩི་བྱ་བྱེ་བྲག་པ་ར་བ་བཞིར་མཚང་ཆེ་བའི་གནམ་དུར་ནི་གླང་ལུག་ལོའི་སྟོན་དཔྱིད་ར་བའི་ཚེས་དྲུག་ལུག་ཉི་དང་། དབྱར་དགུན་ར་བའི་ཚེས་དྲུག་གླང་ཉི་གཉིས་ཡིན། འབྲིང་པོ་བཞིར་མཚང་ཆེ་བའི་བར་དུར་ནི་ཕག་སྦྲུལ་ལོའི་སྟོན་དཔྱིད་འབྲིང་པོའི་ཚེས་བཅུ་དྲུག་ཕག་ཉི་དང་། དབྱར་དགུན་འབྲིང་པོའི་ཚེས་བཅུ་དྲུག་སྦྲུལ་ཉི་གཉིས་ཡིན། ཐ་ཆུང་བཞིར་མཚང་ཆེ་བའི་ས་དུར་ནི་བྱ་ཡོས་ལོའི་སྟོན་དཔྱིད་ཐ་མའི་ཚེས་ཉེར་དྲུག་ཡོས་ཉི་དང་། དབྱར་དགུན་ཐ་མའི་ཚེས་ཉེར་དྲུག་བྱ་ཉི་གཉིས་ཡིན། གནམ་ལོ་དེ་དག་ཏུ་བརྩི་བྱ་དེ་དག་ལ་མ་གཏོགས་གཞན་སུ་ལ་ཡང་ཚེས་གྲངས་ཀྱི་མཚང་ཆེན་འབབ་རྒྱུ་མེད། དུས་དེ་དག་ཏུ་བརྩི་བྱ་དག་རྐྱང་སྦྲགས་དགུ་མིག་དང་རྔ་ཟོར་གང་རུང་ལ་ཚུད་ཡོད་ན་ཉེན་ཆེ་ཞིང་དེ་མིན་མི་ཆེ། གལ་སྲིད་གླང་གནམ་ལོར་ཤར་དུས་ལ་ཆ་བཞག་ན། ར་བཞིའི་ནང་ནས་སྤྲེལ་ལོ་པ་རང་ལོ་ང་བཞིར་སོན་པ་དག་དང་། སྟག་ལོ་མ་རང་ལོ་སོ་དྲུག་ལ་སོན་པ་དག་དགུ་དུར་གཉིས་འཛོམ་དུ་ཚུད་ཅིང་། སྦྲུལ་ལོ་རང་ལོ་སོ་གསུམ་ལ་སོན་པ་དག་རྔ་ཟོར་དང་སྦྲགས་མའི་དགུ་མིག་ཏུ་ཚུད་ཡོད་པས། ལོ་དེའི་གནམ་དུར་ཟླ་བ་ར་བཞིའི་ཚེས་དྲུག་བརྩི་བྱ་སྟག་སྤྲེལ་སྦྲུལ་གསུམ་ལ་རྩུབ་ཆེ་ཡང་ཕག་ལོ་དག་ལ་ཆེར་མི་རྩུབ་པ་ལྟ་བུའོ། ། |
| Domain | རྩིས་རིག |