From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
མཚན་གཞི་ (1)
| Part of speech
|
མིང་ཚིག
|
| Definition
|
མཚན་ཉིད་རྟེན་པ་མཚན་གཞི་ཡིན། །ཞེས་བྱ་བ། མཚན་གཞིའི་མཚན་ཉིད་ནི། མཚན་ཉིད་ཀྱི་རྟེན་བྱེད་པའོ། །མཚན་ཉིད་བརྟེན་པར་གྲུབ་པ་ཉིད་ཀྱིས་མཚོན་བྱ་དེས་འཇོག་པ་ཡིན་ནོ། །དབྱེ་ན་གཉིས་ཏེ། མཚན་ཉིད་པ་དང་བཏགས་པ་གཉིས། ཞེས་བྱ་བ། མཚན་གཞི་མཚན་ཉིད་པ་བ་ལང་གི་མཚན་གཞི་དཀར་ཟལ་ལྟ་བུ་དང་། བཏགས་པ་སྐྱོན་ཡོན་བརྩི་བའི་གཞིར་གྱུར་པ་བ་ལང་གི་མཚན་གཞི་རྟ་ལྟ་བུའོོ། །ཞེས་འཇམ་མགོན་ས་པཎ་གྱི་རིགས་གཏེར་རང་འགྲེལ་ལས་སོ། །
|
| Domain
|
ཚད་མ།
|
མཚན་གཞི་ (2)
| Part of speech
|
མིང་ཚིག
|
| Definition
|
མཚོན་བྱའི་ཁྱད་པར་རམ་དཔེ།
|