53873
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཨ་ནུ་ཡོ་ག རྙིང་མ། མཚན་གྱི་རྣམ་གྲངས་བདུན་ཡང་ཟེར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གསང་བའི་ཡེ་ཤེས། དོན་གྱི་སྙིང་པོ། རྡོ་རྗེ་བཀོད་པའི་རྒྱུད། རྣལ་འབྱོར་གྲུབ་པའི་ལུང་། ཀུན་འདུས་རིག་པའི་མདོ། ཐེག་པ་ཆེན་པོ་མངོན་པར་རྟོགས་པ། ཆོས་ཀྱི་རྣམ་གྲངས་རྣམ་པར་བཀོད་པའི་མདོ་བཅས་བདུན་པོ་མདོ་དགོངས་པ་འདུས་པའི་ལུང་བསྟན་བརྒྱུད་པའི་རྒྱུད་ཀྱི་མཚན་གྱི་རྣམ་གྲངས་ཡིན། སྤྱིར་རྒྱུད་དེའི་ལེའུ་རེ་དྲུག་པར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གསང་བའི་ཡེ་ཤེས་མ་བརྩིས་པའི་སྟེང། སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ། ཐེག་པ་ཆེན་པོའི་བྱུང་ཚུལ་བསྟན་པའི་མདོ་ཞེས་པ་གཉིས་པོ་བསྣན་པས་མཚན་གྱི་རྣམ་གྲངས་བརྒྱད་དུ་གསང་བདག་ཉིད་ཀྱིས་མ་ལ་ཡར་གསུངས་པ། ལོ་ཙཱ་བས་བདུན་དུ་བསྡུས་ནས་རྒྱུད་དེའི་ཀླད་དུ་བཀོད་པ་ཡིན་གསུངས། |
| Domain | ཆོས་ལུགས། |