53878
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཨ་ནུ་ཡོ་ག རྙིང་མ། མཚན་གྱི་ཁྱད་པར་བརྒྱད་ཀྱང་ཟེར། མདོ་དགོངས་པ་འདུས་པའི་རྒྱུད་ཀྱི་མཚན་གྱི་རྣམ་གྲངས་ཏེ། དེ་ལའང་ལུང་བསྟན་བརྒྱུད་པའི་རྒྱུད་ཀྱི་དབང་དུ་བྱས་པའི་མཚན་བརྒྱད། བྱིན་རླབས་འབྱུང་བའི་རྒྱུད་ཀྱི་དབང་དུ་བྱས་པའི་མཚན་བརྒྱད་བཅས་ཡོད་པ་ལས། དང་པོ་ནི་རྒྱུད་དེའི་ལེའུ་རེ་དྲུག་པ་ལས། ལངྐའི་བདག་པོ་དེ་ལ་རྣམ་གྲངས་བརྒྱད་གང་ཞེ་ན། སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཞེས་ཀྱང་བྱའོ། །དོན་གྱི་སྙིང་པོ་ཞེས་ཀྱང་བྱའོ། །རྡོ་རྗེ་བཀོད་པའི་རྒྱུད་ཅེས་ཀྱང་བྱའོ། །རྣལ་འབྱོར་གྲུབ་པའི་ལུང་ཞེས་ཀྱང་བྱའོ། །ཀུན་འདུས་རིག་པའི་མདོ་ཞེས་ཀྱང་བྱའོ། །ཐེག་པ་ཆེན་པོའི་མངོན་པར་རྟོགས་པ་ཞེས་ཀྱང་བྱའོ། །ཆོས་ཀྱི་རྣམ་གྲངས་རྣམ་པར་བཀོད་པ་ཞེས་ཀྱང་བྱའོ། །ཐེག་པ་ཆེན་པོའི་བྱུང་ཚུལ་བསྟན་པའི་མདོ་ཞེས་ཀྱང་བྱའོ། །ཞེས་པ་བརྒྱད་པོ་མ་ལ་ཡར་གསང་བདག་གིས་རྒྱུད་འདིའི་མཚན་དུ་གསུངས་པ་ལོ་ཙཱ་བས་བདུན་དུ་བསྡུས་ནས་ཀླད་དུ་བཀོད། གཉིས་པ་ནི་ལེའུ་ཞེ་བརྒྱད་དུ་དོན་གྱི་བཀོད་པ། རྟགས་ཀྱི་རོལ་པ། གསང་བའི་ངེས་པ། བཀའི་འགྲེལ་པ། ཆོས་ཀྱི་མེ་ལོང་། གཏན་ཚིགས་ཀྱི་འབྱུང་གནས། དགོངས་པ་ཀུན་འདུས། རྡོ་རྗེ་རྣམ་པར་བསྒྱིངས་པའི་གཞུང་སྟེ་བརྒྱད་པོ། དག་པའི་ཞིང་དུ་སྟོན་པ་རྡོ་རྗེ་འཛིན་གྱིས་རྒྱུད་འདིའི་མཚན་གྱི་རྣམ་གྲངས་སུ་གསུངས་པ་ཡིན། |
| Domain | ཆོས་ལུགས། |