53880

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཚན་གྱུར་པའི་བསྒྲུབ་བྱ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། སྐྱེས་པ་བསྙེན་པར་རྫོགས་པར་བྱས་ནས་དགེ་སློང་དུ་གནས་པ་དེ་གལ་ཏེ་བུད་མེད་དུ་མཚན་གྱུར་པ་ན་ཡང་མཚན་གྱུར་པའི་དབང་གིས་བསྙེན་པར་རྫོགས་པ་འཇིག་པ་མ་ཡིན་གྱི། འདི་ལ་བསྙེན་རྫོགས་ཡོད་པ་ཁོ་ན་སྟེ། འདི་དགེ་སློང་མ་ཡིན་པས་དགེ་སློང་མའི་འཁོར་གྱི་ནང་དུ་གཞག་གོ །མཛོད་ལས། མཚན་ལས་མིང་ནི་འཕོ་ཕྱིར་རོ། །ཞེས་གསུངས་སོ། །མཚན་ལན་གཉིས་སུ་གྱུར་པ་ཙམ་ལ་ནི་སྔར་ཡོད་པ་མི་འཇིག་ཅིང་ལེན་པ་ཉིད་ལ་ཡང་སྐྱེའོ། །མཚན་ལན་གསུམ་དུ་གྱུར་ན་ནི་སྔར་ཡོད་འཇིག་ཅིང་ལེན་པ་ཡང་མི་སྐྱེ་སྟེ། བསམ་པ་མི་བརྟན་པས་འཆལ་ཚུལ་གྱི་གཉེན་པོ་ལ་སྦྱོར་མི་བཟོད་པའི་ཕྱིར་རོ། །ཞེས་ཀུན་མཁྱེན་རོང་སྟོན་གྱི་འདུལ་ཕྲེང་རྣམ་འགྲེལ་ལས་སོ། །
Domain ཆོས་ལུགས།