53884

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཚན་ཉིད་ (1)
Part of speech མིང་ཚིག
Definition དཔལ་ཕྱག་རྒྱ་ཆེན་པོའི་ཐིག་ལེ་ཞེས་བྱ་བ་རྣལ་འབྱོར་མ་ཆེན་མོའི་རྒྱུད་ཀྱི་རྒྱལ་པོའི་མངའ་བདག་གི་སྡེ་ཚན་ཞིག བཀའ་འགྱུར་རྒྱུད་འབུམ་ང་པར་བཞུགས།
མཚན་ཉིད་ (2)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། མཚན་ཉིད་ཀྱི་སྒྲ་བྱ་བྱེད་གཉིས་དང་འབྲེལ་བས། བྱེད་པ་ལ་འཇུག་པའི་ཚེ་མཚོན་པར་བྱེད་པས་ན་མཚན་ཉིད་ཡིན་ལ། བྱ་བ་ལ་འཇུག་པའི་ཚེ་མཚོན་པར་བྱ་བའི་ངོ་བོ་ཉིད་ཡིན་པས་མཚན་ཉིད་དེ། སྔ་མ་ནི་རྟོགས་པར་བྱེད་པའི་ཡན་ལག་ཡིན་པས་བྱེད་པ་ཞེས་བྱ་ལ་ཕྱི་མ་ནི་རྟོགས་པར་བྱ་བ་ཡིན་པས་ལས་སུ་བསྟན་ནོ། །བྱེད་པ་ལ་ཡང་རང་གི་ངོ་བོ་ཐུན་མོང་མ་ཡིན་པར་མཚོན་པར་བྱེད་པ་རང་གི་མཚན་ཉིད་དང་། ཐུན་མོང་དུ་མཚོན་པ་སྤྱིའི་མཚན་ཉིད་གཉིས་སུ་ཕྱེ་ཞིང་། སྔ་མ་ལ་ཁྱབ་ཆེས་པ་སོགས་དང་བྲལ་བ་དགོས་ལ། ཕྱི་མ་ལ་ཁྱབ་ཆེས་པ་སྐྱོན་མ་ཡིན་ནོ། །རང་གི་མཚན་ཉིད་ལ་ཡང་རིགས་མི་མཐུན་སེལ་བ་དང་། ལོག་རྟོག་སེལ་བ་གཉིས་སུ་འགྱུར་རོ་ཞེས་ཀུན་མཁྱེན་རོང་སྟོན་གྱི་རྣམ་བཤད་ཚིག་དོན་རབ་གསལ་ལས་སོ། །
Domain ཆོས་ལུགས།
མཚན་ཉིད་ (3)
Part of speech མིང་ཚིག
Definition རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། མཚན་ཉིད་ཀྱི་མཚན་ཉིད། དོན་ཆོས་གསུམ་ཚང་བ། ཞེས་དང་། ཡང་ན། མཚན་ཉིད་ཀྱི་མཚན་ཉིད། རྫས་ཡོད་ཆོས་གསུམ་ཚང་བ་དང༌། འཇོག་བྱེད་ཆོས་གསུམ་ཚང་བ་ཞེས་དང༌། ཞེས་གསུངས།
Domain ཚད་མ།