53887
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པར་སྤྱོད་པའི་འདྲེན་སྒོ་འབྱེད་པར་བྱེད་པའི་ཡན་ལག་དྲུག་ཏུ་གསུངས་པའི་ཡ་གྱལ་ཞིག་སྟེ། ཆོས་རྣམས་ཀྱི་མཚན་ཉིད་ཐ་དད་སྣ་ཚོགས་པ་ཅི་འདྲ་བར་བསྟན་པའི་ཕྱིར་མཚན་ཉིད་ཀྱི་ཡན་ལག་ཅེས་བྱ། དེའི་དོན་གཟི་ལྡན་འཆར་ཁའི་འོད་སྣང་ལས། ལང་ཀའི་བདག་པོ། དེ་ལ་མཚན་ཉིད་ཀྱི་ཡན་ལག་ནང་རིས་ཐ་དད་སྣ་ཚོགས་སུ་བསྟན་པ་ཉིད་གང་ཞེ་ན། རྣམ་གྲངས་བཅུ་གཅིག་ཏུ་གནས་པ་འདི་ལྟ་སྟེ། ཀུན་རྫོབ་ཀྱི་བདེན་པ་དང༌། དོན་དམ་པའི་བདེན་པ་དང༌། ཐམས་ཅད་དུ་བསྟན་པའི་དམིགས་པ་དང༌། ཆོས་རྣམས་ཀྱི་བྱེ་བྲག་རྣམ་པ་དང༌། ཆོས་ཐམས་ཅད་ཀྱི་རང་བཞིན་དང༌། ཐོབ་པར་བྱ་བ་འབྲས་བུ་དང༌། གང་བྱང་ཆུབ་ཅིང་དོན་དེ་གཞན་ལ་བརྗོད་པས་བསྙད་པ་དང༌། ཡང་དག་པའི་དོན་མཐོང་དུ་མི་སྟེར་བ་བར་དུ་གཅོད་པ་དང༌། བདེན་པ་དང་གཏན་ཚིགས་དེམས་སུ་བྱས་པས་མཐུན་པ་དང༌། དོན་དང་མི་མཐུན་པ་ཉེས་དམིགས་དང༌། དོན་དང་མཐུན་པར་གྱུར་པའི་ཡོན་ཏན་རྣམས་ཡིན་ནོ། །ཞེས་པ་ལྟར་རྣམ་གྲངས་བཅུ་གཅིག་ཏུ་བསྡུས་ནས་བསྟན། |
| Domain | ཆོས་ལུགས། |