53894

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཚན་ཉིད་གསུམ་གྱི་རྣམ་གཞག་ (1)
Part of speech མིང་ཚིག
Definition མདོ། སེམས་ཙམ། ཆོས་རང་རང་གི་སྟེང་གི་མཚན་ཉིད་གསུམ་སྟེ། མཁས་གྲུབ་བསྟན་དར་བའི་དབུ་མའི་མཐའ་དཔྱོད་ལས། ལུགས་འདིའི་མཚན་ཉིད་གསུམ་གྱི་རྣམ་གཞག་ཇི་ལྟ་བུ་ཞེ་ན། སྤྱིར་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་རང་རང་གི་གནས་ལུགས་གཏན་ལ་འབེབས་པའི་དབང་དུ་བྱས་པའི་གཞིའི་གཞན་དབང༌། དེ་རྣམས་ཀྱི་སྟེང་དུ་རང་གི་མཚན་ཉིད་ཀྱིས་གྲུབ་པར་སྒྲོ་བཏགས་པ་དང་། བཏགས་པ་ལྟར་དུ་གྲུབ་པ་ཀུན་བཏགས། བཏགས་པ་ལྟར་དུ་གྲུབ་པས་སྟོང་པ་ཡོངས་གྲུབ་ཏུ་བཞེད་དོ། །རང་འགྲེལ་ལས། རང་བཞིན་གཅིག་ཉིད་གཞི་སོ་སོ་ལ་ལྟོས་ནས་ཀུན་བཏགས་དང་ཡོངས་གྲུབ་ཏུ་འགྱུར་ཚུལ་གསུངས་པའི་དཔེ་ནི། སྦྲུལ་གཅིག་ཉིད་གཞི་སོ་སོ་ལ་བལྟོས་ནས་ཀུན་བཏགས་དང་ཡོང་གྲུབ་ཏུ་འགྱུར་ཚུལ་ཡོད་དེ། ཐག་པ་བསྡོགས་པའི་རྟེན་འབྲེལ་གྱི་སྟེང་དུ་ཀུན་བཏགས་དང༌། སྦྲུལ་གྱི་སྟེང་དུ་ཡོངས་སུ་གྲུབ་པ་ཡིན་པའི་ཕྱིར། དང་པོ་དེར་ཐལ། ཐག་པ་སྦྲུལ་དུ་རང་འཛིན་རྟོག་པས་བཏགས་པ་ཙམ་མ་གཏོགས་སྦྲུལ་མ་ཡིན་པའི་ཕྱིར། གཉིས་པ་དེར་ཐལ། སྦྲུལ་སྦྲུལ་དུ་ཡོངས་སུ་གྲུབ་པའི་ཕྱིར། དོན་ལ་སྦྱར་ན། རང་བཞིན་གཅིག་ཉིད་གཞི་སོ་སོ་ལ་ལྟོས་ནས་ཀུན་བཏགས་དང་ཡོངས་གྲུབ་ཏུ་འགྱུར་ཚུལ་ཡོད་དེ། རང་བཞིན་དེ་ཉིད་མིག་དབང་སོགས་ཀྱིས་གཟུང་བཞིན་པའི་རྟེན་འབྲེལ་འདུས་བྱས་ཀྱི་སྟེང་དུ་ཀུན་བཏགས། རྣམ་མཁྱེན་གྱིས་ཇི་ལྟ་བ་གཟིགས་པའི་གཟིགས་ངོར་ཡོངས་གྲུབ་ཡིན་པའི་ཕྱིར། རྟགས་དང་པོ་དེར་ཐལ། རང་བཞིན་ཡིན་ན་ངོ་བོ་རྒྱུ་རྐྱེན་གྱིས་མ་སྐྱེད་པ། གནས་སྐབས་གཞན་དུ་མི་འགྱུར་བ། འཇོག་བྱེད་གཞན་ལ་རག་མ་ལས་པ་ཡིན་དགོས་པ་གང་ཞིག ། འདུས་བྱས་རྣམས་དེ་དག་ལས་ཟློག་པ་ཡིན་པའི་ཕྱིར། གང་ཞིག་དེར་ཐལ། རང་བཞིན་དག་ནི་བཅོས་མིན་དང༌། །ཞེས་སོགས་གསུངས་པའི་ཕྱིར། རྩ་རྟགས་ཕྱི་མ་དེར་ཐལ། རྣམ་མཁྱེན་གྱིས་ཇི་ལྟ་བ་གཟིགས་པའི་གཟིགས་ངོར་སྣང་ཚུལ་དང་གནས་ཚུལ་མཐུན་པར་གྲུབ་པའི་ཕྱིར། དེས་ཇི་ལྟ་བ་གཟིགས་པའི་གཟིགས་ངོར་གཞན་དབང་མ་གཟིགས་ཀྱང་དེས་དེ་མངོན་སུམ་དུ་གཟིགས་ཏེ། གཟིགས་ངོ་དེར་མ་གཟིགས་པའི་ཚུལ་གྱིས་དེ་མངོན་སུམ་དུ་གཟིགས་པས་ཐམས་ཅད་མཁྱེན་པ་ཞེས་སྨོས་པའི་ཕྱིར། རྣམ་མཁྱེན་གྱིས་ཇི་ལྟ་བ་གཟིགས་པའི་ངོར་གཞན་དབང་མ་གཟིགས་པའི་རྒྱུ་མཚན་ཡོད་དེ། དེས་ཇི་ལྟ་བ་གཟིགས་པ་ལྟར་དུ་མ་གཟིགས་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།

{{#arraymap:མཚན་ཉིད་གསུམ་གྱི་རྣམ་གཞག་

|; |@@@ | | }}