From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
མཚན་ཉིད་ལྡེམ་དགོངས་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། ཕར་ཕྱིན། སེམས་ཙམ་པས་མཚན་ཉིད་གསུམ་ལ་དགོངས་ནས། ཤེར་ཕྱིན་ལས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་གསུངས་པ་ལ་འདོད་ཀྱང། འདིར་མངོན་པ་ལས་ཆོས་རྣམས་ཀྱི་རང་གི་མཚན་ཉིད་དུ་གསུངས་པ་ལ་འདོད་དོ། །ཞེས་ཀུན་མཁྱེན་རོང་སྟོན་གྱི་རྣམ་བཤད་ཚིག་དོན་རབ་གསལ་ལས་སོ། །ཀུན་མཁྱེན་གོ་རམས་པས། སེམས་ཙམ་པས་ཀུན་བརྟགས་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ངོ་བོ་ཉིད་མེད་པ། གཞན་དབང་བདག་ལས་སྐྱེས་པའི་ངོ་བོ་ཉིད་མེད་པ། ཡོངས་གྲུབ་དོན་གཞན་པའི་བདག་གི་ངོ་བོ་ཉིད་མེད་པ་ལ་དགོངས་ནས། ཆོས་ཉིད་ངོ་བོ་ཉིད་མེད་པར་སྟོན་པའི་མདོ་ལྟ་བུ་ལ་འདོད་ལ། དབུ་མ་པ་ནི་མངོན་པའི་མདོ་རྣམས་ལས་རང་སྤྱིའི་མཚན་ཉིད་གསུངས་པ་ལ་འདོད་དོ། །ཞེས་ཡུམ་དོན་རབ་གསལ་ལས་གསུངས་སོ། །
|
| Domain
|
ཆོས་ལུགས།
|
མཚན་ཉིད་ལྡེམ་དགོངས་ (2)
| Part of speech
|
མིང་ཚིག
|
| Definition
|
རང་རྒྱུད་པ། ཀུན་བཏགས་མཚན་ཉིད་ངོ་བོ་ཉིད་མེད་པ་དང་། གཞན་དབང་སྐྱེ་བ་ངོ་བོ་ཉིད་མེད་པ། ཡོངས་གྲུབ་དོན་དམ་པ་ངོ་བོ་ཉིད་མེད་པ་སྟེ་མཚན་ཉིད་གསུམ་ལ་དགོངས་ནས་སྒྲས་ཟིན་ལ་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་སྟོན་པའི་མདོ་ཞིག་ལ་མཚན་ཉིད་ལྡེམ་དགོངས་ཀྱི་མདོ་ཞེས་བརྗོད། མཚན་གཞི་ནི། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། མཚན་ཉིད་ལ་ལྡེམ་པོར་དགོངས་པ་ནི། མཚན་ཉིད་གསུམ་ལ་བདེན་པར་གྲུབ་མ་གྲུབ་སོ་སོར་ཕྱེ་ནས་སྟོན་པའི་མདོ་ལྟ་བུ། ཞེས་གསུངས།
|