53935

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཚན་ཉིད་སྡེ་ལྔ་ (1)
Part of speech མིང་ཚིག
Definition བོན། མདོ་སྔགས་སེམས་གསུམ་དུ་ཕྱེས་པའི་རྒྱུ་ཕར་ཕྱིན་ཐེག་པའི་ཁོངས་སུ་གཏོགས་པའི་བོན་སྒོ་ཞིག་གོ ། ལྔ་ནི། འབུམ་གྱི་སྡེ་དང། འདུལ་བའི་སྡེ། མདོ་ཡི་སྡེ། མཛོད་ཀྱི་སྡེ། གཞལ་བྱ་དབུ་ཚད་རིག་པའི་སྡེ་དང་ལྔ་སྟེ། ཤེར་ཕྱིན་སྐབས་དང་པོ་ལས། སྡེ་ལྔ་ནི། ཤེལ་བྲག་མའི་བོན་ལས། ཟབ་མོ་སྟོན་པ་འབུམ་གྱི་སྡེ། ཚུལ་ཁྲིམས་རྣམ་དག་འདུལ་བའི་སྡེ། ལས་འབྲས་སྟོན་པ་མདོ་ཡི་སྡེ། ཆགས་འཇིག་སྟོན་པ་མཛོད་ཀྱི་སྡེ། གཞལ་བྱ་དབུ་ཚད་རིག་པའི་སྡེ། ཞེས་སོ། །
Domain ཆོས་ལུགས།