53953

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཚན་བཅས་ཀྱི་རྣལ་འབྱོར་གསུམ་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། མཚན་བཅས་ཀྱི་རྣལ་འབྱོར་གསུམ་ནི་རྒྱུད་ཀྱི་དངོས་པོའི་ནང་གསེས་སུ་གྱུར་པའི་ཏིང་ངེ་འཛིན་གྱི་བྱེ་བྲག་སྟེ། ཏིང་ངེ་འཛིན་བསྟན་པའི་སྐབས་སུ། དཀོན་ཅོག་འགྲེལ་ལས། མཚན་མ་དང་བཅས་པའི་རྣལ་འབྱོར་ཡང་དོན་བསྡུས་ན། བྱིན་གྱིས་བརླབས་པའི་རྣལ་འབྱོར་དང་། ཡོངས་སུ་བརྟགས་པའི་རྣལ་འབྱོར་དང་། རྫོགས་པའི་རྣལ་འབྱོར་གསུམ་དུ་འདུས་པར་བཤད་དེ། འདི་གསུམ་ཡང་ལྷ་རྒྱན་གཅིག་པའི་རྣལ་འབྱོར་ཅིག་ལ་ཡང་ཚང་ལ། རྒྱུད་སོ་སོའི་གྲུབ་པའི་མཐའ་ཡིས་དམིགས་པ་སོ་སོར་འདོད་པ་ཡིན་ནོ། །ཞེས་གསུངས།
Domain ཆོས་ལུགས།