53959

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཚན་བཟང་པོ་སུམ་ཅུ་རྩ་གཉིས་ (1)
Part of speech མིང་ཚིག
Definition ཕྱག་ཞབས་འཁོར་ལོས་མཚན་པ་དང༌། རུས་སྦལ་ཞབས། ཕྱག་ཞབས་སོར་མོ་དྲ་བས་འབྲེལ་བ། ཕྱག་ཞབས་འཇམ་ཞིང་གཞོན་ཤ་ཆགས་པ། སྐུའི་གནས་བདུན་མཐོ་བ། སོར་མོ་རིང་བ། རྟིང་པ་ཡངས་པ། སྐུ་ཆེ་ཞིང་དྲང་བ། ཞབས་ལོང་བུ་མི་མངོན་པ། བ་སྤུ་གྱེན་དུ་ཕྱོགས་པ། བྱིན་པ་ཨེ་ན་ཡའི་འདྲ་བ། ཕྱག་རིང་ཞིང་མཛེས་པ། འདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ། པགས་པ་གསེར་མདོག་འདྲ་བ། པགས་པ་སྲབ་ཅིང་འཇམ་པ། བ་སྤུ་རེ་རེ་ནས་གཡས་སུ་འཁྱིལ་བ། ཞལ་མཛོད་སྤུས་བརྒྱན་པ། རོ་སྟོད་སེང་གེ་འདྲ་བ། དཔུང་པའི་མགོ་ཟླུམ་པ། ཐལ་གོང་རྒྱས་པ། རོ་མི་ཞིམ་པ་རོ་མཆོག་སྣང་བ། སྐུ་ན་ཡ་གྲོ་དྷ་ལྟར་ཆུ་ཞེང་གབ་པ། གཙུག་ཏོར་བལྟར་མི་མངོན་པ། ལྗགས་རིང་ཞིང་སྲབ་པ། གསུང་ཚངས་དབྱངས་ལྟ་བུ། འགྲམ་པ་སེང་གེའི་འདྲ་བ། ཚེམས་ཤིན་ཏུ་དཀར་བ། ཚེམས་མཉམ་པ། ཚེམས་ཐགས་བཟང་བ། ཚེམས་གྲངས་བཞི་བཅུ་ཚང་བ། སྤྱན་མཐོན་མཐིང་འདྲ་བ། སྤྱན་གྱི་རྫི་མ་བ་མཆོག་གི་རྫི་མ་འདྲ་བ་སྟེ་སུམ་ཅུ་རྩ་གཉིས།
Domain ཆོས་ལུགས།